ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཀྲི་ཀུང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། ཀྲུང་གོ་ཀྲི་ཀུང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བ་པེ་ཅིན་ནས་གྲོལ། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་ཤིང་། ཀྲུང་གོ་ཀྲི་ཀུང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་སྐབས་བཅུ་བཞི་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་ཀྲུང་གོ་ཀྲི་ཀོང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། མི་བརྒྱ་དང་བཅུ་དྲུག་གིས་ཀྲུང་དབྱང་ཨུ་ཡོན་གྲུབ་པའི་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། ཝན་ཀང་ཀྲི་ཀུང་ཏང་གི་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས།

ཚོགས་ཐོག་ནས་བལྟས་ན། ཐེངས་འདིའི་གྲོས་ཚོགས་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་ཏུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཐེངས་ཤིག་ཡིན། སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་འགོ་ཁྲིད་ཚན་ཁག་གིས་མུ་མཐུད་དུ་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་པ་དང་། མཉམ་ལས་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་པ་དང་། ཧུར་ཐག་སྒོས་དུས་རབས་གསར་པའི་ཀྲི་ཀུང་ཏང་གི་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པར་སྙམ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།