ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་རྒྱལ་ཡོངས་ཀྱི་འགག་སྒོ་གཞི་གཅིག་ཅན་དུ་སྒྱུར་བའི་བྱ་བའི་ཡར་སྐུལ་ཡུལ་དངོས་གྲོས་ཚོགས་སུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་འགག་སྒོ་གཞི་གཅིག་ཅན་དུ་སྒྱུར་བའི་བྱ་བའི་ཡར་སྐུལ་ཡུལ་དངོས་གྲོས་ཚོགས་ཚེས་ལྔ་ཉིན་ཀོང་ཀྲིག་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། འགག་སྒོ་གཞི་གཅིག་ཅན་དུ་སྒྱུར་བ་ནི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཡུན་རིང་ལ་ཕན་ཞིང་ཁེ་ལས་དང་མང་ཚོགས་ལའང་ཕན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཕྱི་ཕྱོགས་ཉོ་ཚོང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་སྐྱེད་སྲིང་བྱེད་པ་དང་། རིམ་པ་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་རེ་བའང་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཕྱི་ཕྱོགས་སྒོ་འབྱེད་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་གཏན་འཁེལ་བྱས་པའི་བཀོད་སྒྲིག་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཁྲིམས་ལྟར་བཅོས་སྐྱོང་དང་བདེ་འཇགས་སྟབས་བདེ། མཐུན་སྦྱོར་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། སྡེ་ཁག་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི་འགག་སྒོ་བརྒལ་བའི་མཉམ་ལས་ལ་ཤུགས་སྣོན་དགོས་པར་མ་ཟད། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ་དང་། ཆ་ཚང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། འགག་སྒོ་ལས་བརྒལ་བའི་གཞི་གཅིག་ཅན་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཉོ་ཚོང་སྟབས་བདེ་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།