ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡང་གིས་ཁ་ན་ཏའི་ཙུང་ལི་དང་པ་པུའུ་ཡ་ཞིན་ཀེ་ནེ་ཡའི་ཙུང་ལི་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a357ff8968646487b57169a8d5860038.jpg

ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་ཀོང་ཀྲིག་ནས་ཉིས་སྟོང་བཅུ་བདུན་ལོའི་ཀོང་ཀྲིག་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་ལ་མཇལ་འཕྲད་གནང་།

5b4c65602809862af323d10e33985292.jpg

ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་ཀོང་ཀྲིག་ནས་ཉིས་སྟོང་བཅུ་བདུན་ལོའི་ཀོང་ཀྲིག་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ལ་ཞུགས་པར་ཡོང་བའི་པ་པུའུ་ཡ་ཞིན་ཀེ་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་ཚེས་དྲུག་ཉིན་ཀོང་ཀྲིག་ནས་སོ་སོར་ཉིས་སྟོང་བཅུ་བདུན་ལོའི་ཀོང་ཀྲིག་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་དང་པ་པུའུ་ཡ་ཞིན་ཀེ་ནེ་ཡའི་ཙུང་ལི་ཨོ་ཉི་ཨར་གཉིས་ལ་མཇལ་འཕྲད་གནང་།    ཐི་ལུའུ་ཏོ་ལ་མཇལ་འཕྲད་གནང་སྐབས་ཝང་ཡང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཀྲུང་གོ་ཕྱོགས་ཀྱི་མགོ་ཁྲིད་པས་པེ་ཅིན་ནས་ཁྱེད་དང་མཉམ་དུ་མཇལ་འཛོམས་བྱས་ནས་གྲོས་མོལ་བཟང་བོ་བྱས་པ་དང་། ལྟ་ཚུལ་གལ་ཆེན་རབ་དང་རིམ་པའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྩོལ་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྲོས་མོལ་བྱས་པའི་གྲུབ་འབྲས་ལག་བསྟར་དངོས་འབེབ་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་བསྐྱེད་པ། དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ། གསར་སྐྲུན་ནུས་ཤུགས་ཀྱི་སྒོ་འབྱེད་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ནང་རྐྱེན་ལ་སྟོབས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར།

ཐི་ལུའུ་ཏོ་ཡིས་བསྟན་དོན། ཐེངས་འདིའི་འཚམས་འདྲིར་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། ཕྱོགས་གཉིས་ཀྱིས་དངུལ་གཏོང་དང་གསར་སྐྲུན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གྲོས་མོལ་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར། ཨོ་ཉི་ཨར་ལ་མཇལ་འཕྲད་གནང་སྐབས་ཝང་ཡང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པ་པུའུ་ཡ་ཞིན་ཀེ་ནེ་ཡ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩོ་བསྲུང་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། པ་པུའུ་ཡ་ཞིན་ཀེ་ནེ་ཡ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་མཉམ་དུ་གྲོས་བསྡུར་དང་པ་ཞིན་ཕྱོགས་ཀྱི་འཕེལ་རྒྱས་ལ་མཁོ་བའི་རོགས་རམ་མུ་མཐུད་དུ་འདོན་སྤྲོད་བྱས་ཏེ། སང་ལོར་པ་ཞིན་ཕྱོགས་ཀྱིས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཨོ་ཉི་ཨར་གྱིས་པ་ཞིན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་ཏེ། ཀྲུང་གོའི་ཕྱོགས་དང་འགྱུར་བ་མེད་པའི་མཉམ་ལས་གྲོགས་པོ་བྱེད་འདོད་ཡོད་ཟེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཞི་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།