2017ལོའི་ཀོང་ཀྲིག་རྒྱུ་ནོར་ཞེས་པའི་འཛམ་གླིང་གླེང་སྟེགས་ཀོང་ཀྲིག་ནས་ཚོགས་མགོ་བརྩམས།

9da96e1002f8a763d2b862e8e12e48f7.jpg

ཝང་དབྱང་2017ལོའི་ཀོང་ཀྲིག་རྒྱུ་ནོར་ཞེས་པའི་འཛམ་གླིང་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་ཚེས་དྲུག་ཉིན་2017ལོའི་ཀོང་ཀྲིག་རྒྱུ་ནོར་ཞེས་པའི་འཛམ་གླིང་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཁོང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལས་ཀྲུང་གོ་སྲིད་གཞུང་གིས་གླེང་སྟེགས་ལ་མཐོང་ཆེན་དང་རེ་སྒུག་བྱས་པ་མཚོན་ཡོད་ལ། དུས་རབས་གསར་བའི་ཀྲུང་གོ་འཕེལ་རྒྱས་ཀྱི་སྲིད་ཇུས་ཁ་ཕྱོགས་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལྷག་བསམ་རྣམ་དག་གི་རེ་འདུན་ཁྱབ་སྒྲོག་བྱས་ཡོད་ཟེར།

ཝང་ཡང་གིས་གསུངས་རྒྱུར། ཐེངས་འདིའི་གླེང་སྟེགས་ཀྱིས་སྒོ་འབྱེད་དང་གསར་གཏོད་ཅེས་པའི་དཔལ་འབྱོར་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན། དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་ནི་འཛམ་གླིང་གི་དཔལ་འབྱོར་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡིན་པ་དང་། གསར་གཏོད་ཡར་སྐུལ་དང་སྒུལ་ནུས་གསར་རྙིང་བརྗེ་སྤོར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་འཛམ་གླིང་གི་དཔལ་འབྱོར་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་གནད་འགག་ཡིན་ལ། བཟོད་སྒོམ་དང་མཉམ་སྤྱོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་འཛམ་གླིང་གི་དཔལ་འབྱོར་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་འདུ་ཤེས་གལ་ཆེན་ཡིན་ཟེར།

ཝང་ཡང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་རྣམ་པར་འཕོ་འགྱུར་ཟབ་མོ་འབྱུང་བཞིན་ཡོད། ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ནི་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་ཡིན་ལ། རྒྱུ་སྤུས་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཛིན་པའི་འཕེལ་རྒྱས་ཡིན་པར་མ་ཟད། གསར་གཏོད་ཡར་སྐུལ་གྱི་འཕེལ་རྒྱས་ཡིན་པ་དང་ཁྱོན་ཡོངས་ནས་སྒོ་འབྱེད་དང་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་ཀྱང་ཡིན། ཀྲུང་གོའི་སྔོན་ཆད་ཀྱི་འཕེལ་རྒྱས་དེ་སྒོ་འབྱེད་ལས་བྱུང་བ་དང་། ཕྱིན་ཆད་གསར་གཏོད་ཡར་སྐུལ་དང་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་གཏོད་བྱེད་དགོས་ལ། སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཅང་ཅན་གོ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་ཁྱབ་སྒྲོག་བྱས། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་དང་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ། ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨོ་ཉི་ཨར། དུས་རབས་ཀུང་ཟིའི་དབུ་བཞུགས་བློན་ཆེན་ནེ་རོང་ཀོན། རྒྱུ་ནོར་ཞེས་པའི་དུས་དེབ་ཀྱི་ཙུང་ཚེ་མུའུ་རོས་ལན་བཅས་ཀྱིས་སོ་སོར་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།