ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་བསྡུས་ནས། སྲིད་དོན་ཆ་འཕྲིན་མ་ལག་ལེགས་སྒྲིག་མཉམ་སྤྱོད་བྱེད་པར་མྱུར་དུ་སྐུལ་འདེད་བཏང་སྟེ་ཕན་འབྲས་མཐོ་ཞིང་སྟབས་བདེ་ཡིན་པའི་སྲིད་དོན་ཞབས་ཕྱི་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བར་བཀོད་སྒྲིག་བྱས་ཤིང་། སྤྱི་ཐུན་ཐོན་ཁུངས་སྒྲིག་སྦྱོར་ཁྱབ་ཁོངས་ཀྱི་སྲིད་གཞུང་ཆ་འཕྲིན་ཁྱབ་སྒྲོག་བྱེད་པའི་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ་ཚད་ལྡན་ཅན་དང་མངོན་གསལ་ཅན་དུ་འགྱུར་བྱེད་པར་གཏན་འཁེལ་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་དཔྱད་འདེམ་མཇུག་འབྲས་ལ་ཆོག་མཆན་བཀོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།