ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དམངས་གཙོ་མནའ་མཐུན་གྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4167fa2fe59a845f1ee216f82292d2cb.jpg

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཀྲུང་གོ་དམངས་གཙོ་མནའ་མཐུན་གྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གུང་ཀྲུང་དབྱང་གིས་ཚབ་མཛད་དེ་ཞུ་ཚིག་ཕུལ། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དམངས་གཙོ་མནའ་མཐུན་གྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚེས་དྲུག་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གུང་ཀྲུང་དབྱང་གིས་ཚབ་མཛད་དེ་ཞུ་ཚིག་ཕུལ།

ཞུ་ཚིག་ནང་བཀོད་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་མཛུབ་སྟོན་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པར་མ་ཟད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱས། འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་། ལོ་ལྔའི་རིང་ལ། དམངས་གཙོ་མནའ་མཐུན་གྱིས་སྲིད་ཞུགས་ཏང་གི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རང་རྟོགས་སྒོས་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ། སྲིད་ཞུགས་སྲིད་གྲོས་ཐད་ནས་གྲུབ་འབྲས་གསར་བ་བླངས་པར་མ་ཟད། རང་སྟེང་འཛུགས་སྐྲུན་ཐད་ལའང་འཕེལ་རྒྱས་གསར་བ་བྱུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་བཞག་ཡོད་ཟེར།

ཞུ་ཚིག་ནང་དམངས་གཙོ་མནའ་མཐུན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་འཁེལ་བྱས་པའི་འཐབ་ཇུས་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། ལས་འགན་གལ་ཆེན་བཅས་ལ་དམ་པོར་དམིགས་ཏེ། སློབ་གསོ་དང་རིག་གནས་ཚན་རྩལ་ལས་རིགས་ཁག་གི་ཁྱད་ཆོས་དང་ཁྱད་སྟོབས་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་འགན་འཁྲི་ལག་བསྟར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ལག་ལེན་མཁན་དང་སྲུང་སྐྱོབ་མཁན་གྱི་ཆབ་སྲིད་འགན་འཁྲི་སྔར་ལས་བཟང་བོར་འཁུར་དགོས་པའི་རེ་བ་བཏོན་པ་དང་། ཀྲུང་གུང་ཀྲུང་དབྱང་ལ་དམངས་གཙོ་མནའ་མཐུན་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིག་དམ་པོ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་མུ་མཐུད་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁབ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་པར་ཡིད་ཆེས་ཡོད་ཟེར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཁྲང་ཀྲི་ཡིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཞུ་ཚིག་ཕུལ།

ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་པའོ་བུན་གྱིས་དམངས་གཙོ་མནའ་མཐུན་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།

དབྱང་ཅེ་ཁྲི་དང་ཡིད་ཆོན། ཧྲིན་ཡོ་ཡོ། ཝང་ཅ་རོས་སོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།