ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དཔལ་འབྱོར་བྱ་བའི་ཐད་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ད་ལོའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན། དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་སྐབས་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་དམིགས་འབེན་གསར་བ་གཅིག་སྡུད་བྱེད་པ། བཀོད་སྒྲིག་གསར་བ་དངོས་འབེབས་བྱས་ནས། ཉིས་སྟོང་ཉི་ཤུ་ལོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་དངོས་བོའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཟེར།

ལིས་ཁི་ཆང་དང་ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་ད་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བསམ་གཞིགས་མཚམས་སྦྱོར་མཛད།

བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་ཚོགས་ཞུགས་མི་སྣའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། ལོ་གཅིག་གི་རིང་ལ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ཇུས་གཞི་དང་དམངས་ཚིས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམིགས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་དངོས་ཕུང་དཔལ་འབྱོར་དར་སྤེལ་དང་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ལ་རྟོག་ཞིབ་བྱས་ནས་བསམ་འཆར་དང་གྲོས་གཞི་བརྒྱད་ཅུ་ལྷག་བཏོན་པས། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པར་ཐབས་ཇུས་འདོན་པ་དང་ནུས་ལྡན་སྲིད་ཇུས་ལག་བསྟར་བྱེད་པར་དཔྱད་གཞི་གལ་ཆེན་ཞིག་འདོན་སྤྲོད་བྱས་ཟེར།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣར་རེ་བ་གསུམ་བཏོན། གཅིག ཚང་མས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་བསམ་བློ་གལ་ཆེན་དང་ལྟ་ཚུལ་གལ་ཆེན། བརྡར་ཤ་གཅོད་པ་གལ་ཆེན། བྱེད་ཐབས་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རྒྱ་ཆེའི་ཁོངས་མི་ལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མོས་མཐུན་ཇེ་དྲག་ཏུ་གཏོང་དགོས་ལ། བློ་གྲོས་དང་སྟོབས་ཤུགས་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་དང་ལས་འགན་སྟེང་དུ་གཅིག་སྡུད་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མཉམ་དུ་ནུས་ཤུགས་འདོན་དགོས། གཉིས། ཚང་མས་ཁྱད་སྟོབས་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་དང་མཉམ་བསྲེས་བྱེད་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་པ། ཁྱོན་ཡོངས་འགན་སྲུང་བྱེད་པའི་ཁྲོད་དུ་འགན་འཁྲི་ལག་བསྟར་བྱེད་པའི་གཞི་འཛིན་ས་དང་བརྒལ་གཏོར་བྱེད་ས་བཙལ་བ་དང་། ཞིབ་བཤེར་དང་ཞིབ་འཇུག་བྱས་ནས་གྲོས་གཞི་དང་བསམ་འཆར་འདོན་དགོས་ལ། ཏང་ཨུ་དང་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་འགལ་བ་ཞི་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། ཧུར་ཐག་སྒོས་མཐུན་སྒྲིལ་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་དགོས། གསུམ། དམངས་གཙོ་ཏང་ཁག་སོ་སོས་སྐབས་བརྗེ་བྱ་བ་གོ་སྐབས་སུ་བཟུང་སྟེ་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ཆབ་སྲིད་སྤྲོད་ལེན་གཏིང་ཟབ་ཏུ་སྤེལ་ཞིང་བསམ་བློ་དང་རྩ་འཛུགས། ལམ་ལུགས། ལྷག་པར་དུ་འགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།