ཀྲུང་གོ་བོད་ཀྱི་དྲ་བ།

ནན་ཅིང་དམར་གསོད་ཆེན་མོའི་ཁྲོད་སྲོག་ཤོར་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་སྤེལ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས13ཉིན་ནི་ནན་ཅིང་དམར་གསོད་ཆེན་མོའི་ཁྲོད་སྲོག་ཤོར་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོའི་ཉིན་མོ་ཡིན་ལ།  དེ་རིང་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྲུང་གོར་བཙན་འཛུལ་གྱི་ཉི་ཧོང་དམག་དཔུང་གིས་ནན་ཅིང་དམར་གསོད་ཆེན་མོ་བྱས་པའི་སྲོག་ཤོར་འདས་པོ་སྤུན་ཟླའི་རྗེས་དྲན་ཁང་དུ་སྤེལ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད།

སྐབས་ཐོག་ཏུ། ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་ལས་ཁུངས་དང་། ཀྲུང་དབྱང་གློག་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་གློག་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་རྒྱང་བསྒྲགས་ལས་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ་བཅས་ཀྱིས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ལ། ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་མི་དམངས་ཉིན་རེའི་ཚགས་པར་གྱི་དུད་སྣེ། ཤིན་ཧྭ་གསར་འགྱུར་ཁང་གི་དུད་སྣེ། ཀྲུང་དབྱང་གློག་འཕྲིན་ཁང་གི་གསར་འགྱུར་དུད་སྣེ་བཅས་ཀྱིས་དུས་མཚུངས་ཐད་གཏོང་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།