ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ནན་ཅིན་དམར་གསོད་ཆེན་མོའི་འདས་པོ་རྣམས་ལ་མྱ་ངན་ཞུ་བའི་རྒྱལ་ཁབ་ཀྱི་ཐུན་མོང་འདས་མཆོད་མཛད་སྒོར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

886e8d77a16e31b083ffa79a794fbe36.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ནན་ཅིན་དམར་གསོད་ཆེན་མོའི་འདས་པོ་རྣམས་ལ་མྱ་ངན་ཞུ་བའི་རྒྱལ་ཁབ་ཀྱི་ཐུན་མོང་འདས་མཆོད་མཛད་སྒོ་ནན་ཅིན་གྲོང་ཁྱེར་དུ་བསྡུས་པ་དང་། ཞི་ཅིན་ཕིང་དང་ཡུས་ཀྲིན་ཧྲིན་གཉིས་ཀ་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ནན་ཅིན་དམར་གསོད་ཆེན་མོའི་འདས་པོ་རྣམས་ལ་མྱ་ངན་ཞུ་བའི་རྒྱལ་ཁབ་ཀྱི་ཐུན་མོང་འདས་མཆོད་མཛད་སྒོ་ནན་ཅིན་གྲོང་ཁྱེར་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཐུན་མོང་འདས་མཆོད་མཛད་སྒོ་དེ་ཀྲུང་གོར་བཙན་འཛུལ་བྱས་པའི་འཇར་དམག་གི་ནན་ཅིན་དམར་གསོད་ཆེན་མོའི་འདས་པོ་སྤུན་ཟླའི་དྲན་གསོ་ཁང་དུ་བསྡུས་པ་དང་། ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ང་བརྒྱད་སྟེང་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཛད་སྒོ་བསྡུ་བའི་ཡུལ་དངོས་ལ་ཕེབས་པ་དང་དུས་ཚོད་དགུ་སྟེང་ཐུན་མོང་འདས་མཆོད་མཛད་སྒོ་དངོས་སུ་འགོ་བརྩམས། དམག་དཔུང་རོལ་མོ་རུ་ཁག་གིས་དཔའ་མཛངས་དམག་དཔུང་གི་མདུན་སྐྱོད་རོལ་མོ་དཀྲོལ་བ་དང་ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། རྒྱལ་གླུ་བླངས་རྗེས་ཚོགས་ར་ཡོངས་ཀྱིས་ནན་ཅིན་དམར་གསོད་ཆེན་མོའི་འདས་པོ་རྣམས་ལ་མྱ་ངན་ཞུས།

1122106862_15131721027351n.jpg

ཐུན་མོང་འདས་མཆོད་མཛད་སྒོའི་སྟེང་ཡུས་ཀྲིན་ཧྲིན་གྱིས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། དེ་རིང་ང་ཚོས་ནན་ཅིན་དམར་གསོད་ཆེན་མོའི་འདས་པོ་རྣམས་ལ་མྱ་ངན་ཞུ་བའི་རྒྱལ་ཁབ་ཀྱི་ཐུན་མོང་འདས་མཆོད་མཛད་སྒོ་བསྡུ་དོན་ནི་ནན་ཅིན་དམར་གསོད་ཆེན་མོའི་འདས་པོ་རྣམས་ལ་རྗེས་དྲན་ཞུ་བ་དང་། འཇར་པན་བཙན་འཛུལ་མཁན་གྱིས་དམར་གསོད་བྱས་པའི་འདས་པོ་སྤུན་ཟླ་རྣམས་ལ་དྲན་གསོ་ཞུ་བ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་རང་སྲོག་ཕུལ་བའི་གསར་བརྗེའི་སྔོན་གཤེགས་དཔའ་པོ་དང་མི་རིགས་དཔའ་བོ་རྣམས་ལ་རྗེས་དྲན་ཞུ་བ། ཀྲུང་གོ་མི་དམངས་དང་མཉམ་དུ་འཇར་པན་གྱི་བཙན་འཛུལ་མཁན་ལ་འགོག་རྒོལ་བྱེད་པར་རང་སྲོག་ཕུལ་བའི་རྒྱལ་སྤྱིའི་འཐབ་མོ་བ་དང་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་དྲན་གསོ་ཞུ་བ་བཅས་ཀྱི་ཆེད་ཡིན། ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཡིད་ལ་དམ་པོ་བཅངས་ཏེ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་། ཞི་བདེ་ལ་གཅེས་སྐྱོང་བྱེད་པ། མ་འོངས་པ་གསར་གཏོད་བྱེད་པའི་ལངས་ཕྱོགས་བརྟན་པོ་མངོན་གསལ་དུ་བསྒྲགས་པར་མ་ཟད་ཞི་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པའི་བླ་མེད་རེ་འདུན་མཚོན་པར་བྱས་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཞི་བདེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་ཚང་མས་ལྷག་བསམ་རྣམ་དག་སྒོས་ལོ་རྒྱུས་ལ་ཁ་ཕྱོགས་དགོས། ཞི་བདེ་ཡི་ཆེད་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྩ་དོན་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

1122106862_15131721168741n.jpg

1122106862_15131721028031n.jpg

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ད་ལྟ་ཀྲུང་གོ་མི་དམངས་ལ་ལོ་རྒྱུས་ཀྱི་དུས་སྐབས་གང་རུང་ལས་ཀྱང་ཡིད་ཆེས་བརྟན་པོ་ཡོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་ཡོད། བགྲོད་ལམ་གསར་བའི་སྟེང་དུ་ཀྲུང་གོ་མི་དམངས་ཀྱིས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་སྔར་ལས་མཛེས་པའི་བདེ་སྐྱིད་ཀྱི་འཚོ་བ་མུ་མཐུད་དུ་གསར་སྐྲུན་བྱེད་ངེས་ཡིན། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་ཞི་བདེ་ཡོང་བའི་འཛུགས་སྐྲུན་དང་འཛམ་གླིང་གི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བྱེད་པ་དང་། མིའི་རིགས་ཀྱི་མཛེས་པའི་མ་འོངས་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

ཐུན་མོང་འདས་མཆོད་མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕིང་དྲན་གསོ་ཁང་དུ་ཕེབས་ཏེ་ནན་ཅིན་དམར་གསོད་ཆེན་མོའི་ལོ་རྒྱུས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། དེའི་རྗེས་སུ་ཞི་ཅིན་ཕིང་གིས་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་སྲོག་ཉེན་ལས་ཐར་མཁན་གྱི་འཐུས་མི་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་བཞག་པའི་རྒྱལ་སྤྱིའི་གྲོགས་པོ་དང་གཉེན་ཉེ་ཡི་འཐུས་མི་ལ་བརྩེ་བའི་མཇལ་འཕྲད་གནང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།