ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་གྱི་ཞུའུ་ཀྲིག་གྲོང་ཁྱེར་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5b3cf402176326a78068d70759c8192b.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཨུ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་གྱི་ཞུའུ་ཀྲིག་གྲོང་ཁྱེར་ལ་གཟིགས་ཞིབ་མཛད། པར་འདི་ནི་ཞི་ཅིན་ཕིང་གིས་ཞུའུ་ཀྲིག་བཟོ་ལས་སྡེ་ཚོགས་འཕྲུལ་ཆས་ཆེ་གྲས་ཚད་ཡོད་ཀུང་ཟིའི་ངལ་རྩོལ་དཔེ་ལེགས་ཅན་དང་ལག་རྩལ་འཇོན་ཐང་ཅན་གྱི་འཐུས་མིར་འཚམས་འདྲི་མཛད་པའི་ཚུལ་རེད། 
 

bdbcccad5f2a466131173d28189dac54.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཨུ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་གྱི་ཞུའུ་ཀྲིག་གྲོང་ཁྱེར་ལ་གཟིགས་ཞིབ་མཛད། པར་འདི་ནི་ཞི་ཅིན་ཕིང་གིས་ཕན་ཨན་ཧུའུ་སྲང་ལམ་གྱི་མ་ཀྲོང་སྡེ་བའི་ཏང་ཡོན་བྱ་འགུལ་སྤེལ་ས་ནས་ཏང་ཡོན་རྣམས་དང་བརྗེ་རེས་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཅང་སུའུ་ཞིང་ཆེན་གྱི་ཞུའུ་ཀྲིག་གྲོང་ཁྱེར་ལ་གཟིགས་ཞིབ་མཛད་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཡང་དག་པའི་ངང་ཁོང་དུ་ཆུད་པར་བྱེད་དགོས་པར་མ་ཟད། དོན་དངོས་དང་སྦྲེལ་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་གསར་བའི་རེ་བ་གསར་བར་དམ་པོར་དམིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཞི་ཅིན་ཕིང་ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཆིན་ཅན་དང་ཧྲིན་ཀྲང་ཝུའུ་ཀྲིན་ལུང་གཉིས་དང་མཉམ་དུ་ཞུའུ་ཀྲིག་གྲོང་ཁྱེར་གྱི་ཁེ་ལས་དང་ཞིང་སྡེ། གསར་བརྗེའི་རྗེས་དྲན་ཁང་བཅས་ལ་སོང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དེང་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་ལ་གཟིགས་ཞིབ་བྱས།

ཚེས་བཅུ་གཉིས་ཉིན། ཞི་ཅིན་ཕིང་པེ་ཅིན་ནས་ཞུའུ་ཀྲིག་ལ་ཕེབས་ཏེ་ཐོག་མར་ཞུའུ་ཀྲིག་བཟོ་ལས་སྡེ་ཚོགས་འཕྲུལ་ཆས་ཆེ་གྲས་ཚད་ཡོད་ཀུང་ཟི་ལ་གཟིགས་ཞིབ་མཛད། ཞི་ཅིན་ཕིང་གིས་འགྲེམ་བྱང་དང་སྦྲེལ་ནས་ཁེ་ལས་ཀྱི་བདག་གཉེར་འཕེལ་རྒྱས་དང་རང་བདག་གསར་སྐྲུན། རྒྱལ་སྤྱིའི་མཉམ་ལས། ཤེས་ལྡན་མི་སྣ་སྐྱེད་སྲིང་། ཏང་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད། ཁེ་ལས་ཀྱིས་གསར་བརྗེའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱེད་པ་དང་། དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་ནན་གྱིས་གསུངས་རྒྱུར། རྒྱལ་དབང་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་རྨང་གཞི་གལ་ཆེན་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་གྱི་རྒྱབ་རྟེན་གཙོ་བོ་ཡང་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་ལྟར་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། བདག་གཉེར་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རྒྱལ་དབང་ཁེ་ལས་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྟོབས་ཤུགས་གཙོ་བོར་སྒྱུར་དགོས་ལ། ང་ཚོ་ཏང་གི་སྲིད་འཛིན་རྒྱལ་དར་གྱི་རྒྱབ་རྟེན་སྟོབས་ཤུགས་གལ་ཆེན་ཞིག་ཏུ་སྒྱུར་དགོས་ཟེར།

དེའི་རྗེས་སུ་ཞི་ཅིན་ཕིང་གིས་ཐང་ཆེན་ནས་ཀུང་ཟིའི་ངལ་རྩོལ་དཔེ་ལེགས་ཅན་དང་ལག་རྩལ་འཇོན་ཐང་ཅན་སོགས་ལས་བཟོ་བའི་འཐུས་མིར་བརྩེ་བའི་འཚམས་འདྲི་ཞུས། ཁོང་གིས་སྤྲོ་སེམས་འཁོལ་བའི་ངང་ལས་བཟོ་བ་རྣམས་ལ་གསུངས་རྒྱུར། ཞུའུ་ཀྲིག་བཟོ་ལས་སྡེ་ཚོགས་ལ་འོད་སྟོང་འབར་བའི་ལོ་རྒྱུས་ལྡན་པ་དང་། སྔར་ལས་བཟང་བའི་མ་འོངས་པའང་ལྡན་སྲིད། རྒྱ་ཆེའི་ཁེ་ལས་ལས་བཟོ་བ་རྣམས་ཀྱིས་དུས་རབས་གསར་བའི་བཟོ་བའི་གྲལ་རིམ་གྱི་སྤོབས་སེམས་དང་འགན་འཁྲིའི་བསམ་པ་ཇེ་ཆེར་བཏང་སྟེ། ལས་གནས་ལ་དགའ་བ་དང་བྱས་རྗེས་འཇོག་པ། སྟོབས་ཤུགས་ཡོད་རྒུས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ལག་ཤེས་པའི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཞུའུ་ཀྲིག་བཟོ་ལས་སྡེ་ཚོགས་དང་བྲལ་ཏེ་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཞུའུ་ཀྲིག་གྲོང་ཁྱེར་ཅ་ཝང་ཆུའུ་ཕན་ཨན་རྡོ་སོལ་གཏེར་ཁུངས་ཉིལ་སའི་དག་ཐེར་བཅོས་སྐྱོང་བཟོ་སྐྲུན་ཏེ་ཧྲིན་ནུང་གྲུ་ཁར་ཕེབས་ཏེ་གཟིགས་ཞིབ་མཛད། ཞི་ཅིན་ཕིང་གིས་རྡོ་སོལ་གཏེར་ཁུངས་ཉིལ་ས་དག་ཐེར་བཅོས་སྐྱོང་དང་ཐོན་ཁུངས་ཉམས་རྒུད་དུ་སོང་བའི་གྲོང་ཁྱེར་གྱི་རྣམ་པ་སྒྱུར་བ་དང་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ཡར་ཞུ་ལ་ཉན། ཁོང་གིས་གསུངས་རྒྱུར། ཐོན་ཁུངས་ཉམས་རྒུད་དུ་སོང་བའི་ས་ཁུལ་གྱི་དཔལ་འབྱོར་གྱི་རྣམ་པ་སྒྱུར་བ་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་བྱ་བ་གལ་ཆེན་ཞིག་ཡིན། ལག་ལེན་ལས་བྱ་བ་དེ་བཟང་བོར་སྒྲུབ་པའི་གནད་འགག་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་སྒྱུར། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་ར་སྤྲོད་བྱུང་ཡོད།

དེའི་རྗེས་སུ། ཞི་ཅིན་ཕིང་གིས་དེའི་ཉེ་འདབས་ཀྱི་ཕན་ཨན་ཧུའུ་སྲང་ལམ་གྱི་མ་ཀྲོང་སྡེ་བར་གཟིགས་ཞིབ་མཛད། སྡེ་བའི་ལོ་རྒྱུས་ཁང་དུ་ཞི་ཅིན་ཕིང་གིས་པར་རིས་དང་དཔྱད་གཞིའི་ཡིག་རིགས། དངོས་པོ་བཅས་ལ་གཟིགས་ཏེ། སྡེ་བས་རྡོ་སོལ་ཁོ་ན་གཉེར་པ་ནས་ཐོན་ལས་སྣ་མང་སྤེལ་བའི་ཕྱོགས་ཀྱི་ཉམས་མྱོང་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཁྱད་ཆོས་ཐོན་ལས་དང་ཁྱད་ཆོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཡུལ་བབ་དང་བསྟུན་ནས་ཇུས་འགོད་དང་ལག་བསྟར་བྱེད་དགོས་ཞེས་བསྟན།

ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཞུའུ་ཀྲིག་ཧྥུན་ཧོང་རི་བོའི་ཤར་འདབས་སུ་ཕེབས་ཏེ། ཧོད་ཧེ་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་རྗེས་དྲན་མཆོད་རྟེན་ལ་མཇལ་བ་དང་། ཧོད་ཧེ་དམག་འཁྲུག་གི་རྗེས་དྲན་ཁང་ལ་གཟིགས་ཞིབ་མཛད། སྔོན་གཤེགས་དཔའ་བོའི་རྗེས་དྲན་མཆོད་རྟེན་གྱི་མདུན་ནས་ཞི་ཅིན་ཕིང་གིས་ཧོད་ཧེ་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བར་མ་ཟད། གུས་ཕྱག་ལན་གསུམ་ཕུལ། རྗེས་དྲན་ཁང་དུ་ཞི་ཅིན་ཕིང་གིས་དམག་འཁྲུག་སྔོན་གྱི་གནས་བབ་དང་། དམག་འཁྲུག་རྒྱག་པ། མི་དམངས་ཀྱིས་གཡུལ་སར་རོགས་སྐྱོར་བྱེད་པ་བཅས་ཀྱི་འགྲེམ་བྱང་ལ་གཟིགས་རྗེས་ནན་གྱིས་བསྟན་དོན། ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་དམིགས་ཡུལ་ནི་ཁོ་ཚོའི་ཕུགས་འདུན་རྒྱུན་འཛིན་བྱེད་པ་དང་། ཁོ་ཚོའི་སྙིང་སྟོབས་དར་སྤེལ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་དམ་པོར་བཟུང་སྟེ། ཁོ་ཚོས་ཚེ་སྲོག་དང་ཟུངས་ཁྲག་ལས་བཏོད་པའི་བགྲོད་ལམ་སྟེང་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཏིན་ཞེའོ་ཞང་དང་ལིའུ་ཧི། ཞུའུ་ཆི་ལིང་། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་གཟིགས་ཞིབ་མཛད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།