ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་དང་ལྟ་སྐུལ་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་དབྱང་ཁེ་ལས་ལ་ལྟ་རྟོག་ཞིབ་བཤེར་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཞིང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འདེགས་ཤུགས་ནུས་པ་འདོན་སྤེལ་བྱེད་དགོས་པ་བསྟན་པ་དང་། རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གཙོ་གཞི་ལ་རོགས་སྐྱོར་དང་གསོ་སྐྱོང་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་བྱས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།