ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་པས་སུའེ་ཙེར་དང་ཧྥིན་ལན། ཏེན་མག་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་པ་སྔ་གཞུག་ཏུ་སུའེ་ཙེར་དང་ཧྥིན་ལན། ཏེན་མག་བཅས་རྒྱལ་ཁབ་གསུམ་གྱི་སྲིད་ཏང་ལས་རིགས་དང་བཟོ་ཚོང་ལས་རིགས། བློ་མཛོད་ལས་རིགས། སྨྱན་བྱད་ལས་རིགས་སོགས་ཀྱི་མི་སྣར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཚམས་སྦྱོར་བྱས་ཏེ། གཙོ་བོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་རྒྱས་བཤད་བྱས་པ་དང་། དགོངས་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་གི་དུས་རབས་གསར་པའི་འཕེལ་རྒྱས་གསར་བ་ཡིན་པ་དང་དེང་རབས་ཀྲུང་གོ་དང་འཛམ་གླིང་གི་མདུན་དུ་ལྷགས་པའི་གནད་དོན་ལ་ལན་ཟབ་མོ་བཏབ་པ་ཡིན་ཞེས་ནན་གྱིས་བསྟན།

རྒྱལ་ཁབ་གསུམ་གྱི་ལས་རིགས་སོ་སོའི་མི་སྣས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་ཞིབ་མོ་བཟོས་ཡོད། ཁོ་ཚོས་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།