ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོ་དོན་གཅིག་པར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平视察第71集团军.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོ་དོན་གཅིག་པར་གཟིགས་ཞིབ་མཛད། ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོའི་ལས་ཁུངས་ཀྱི་ལས་བྱེད་པ་དང་དེའི་ཁོངས་སུ་གཏོགས་པའི་དམག་དཔུང་གི་མདའ་ཤོག་ཡན་གྱི་ལས་བྱེད་པར་བརྩེ་བའི་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོ་དོན་གཅིག་པར་གཟིགས་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། དམག་དཔུང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་དམག་འཛུགས་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་། ཚན་རིག་ལ་བརྟེན་ནས་དམག་དཔུང་དར་སྤེལ་བྱེད་པ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དམག་འཁྲུག་གྲ་སྒྲིག་གཅིག་སྡུད་བྱེད་པ་དང་འབུམ་སྡེ་ཆེན་མོའི་འཛུགས་སྐྲུན་དོ་དམ་དང་དམག་འཁྲུག་བཀོལ་སྤྱོད་ཁྱད་ཆོས་ཀྱི་ཆོས་ཉིད་གསལ་བོར་ཤེས་པར་བྱེད་དགོས་ལ། ཚུལ་སྒྱུར་འཛུགས་སྐྲུན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་རྣམ་པར་རྒྱལ་བའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས་པར་མ་ཟད། ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་ཞི་ཅིན་ཕིང་འབུམ་སྡེ་ཆེན་མོའི་སྟོང་ཤོག་ག་གེ་མོར་ཕེབས་ཏེ། བློ་མཐུན་ཝང་ཅེ་འཚོ་གནས་སྐབས་ཀྱི་ལྡིང་ཤོག་གི་དཔོན་དམག་རྣམས་ལ་འཚམས་འདྲི་བྱས། བློ་མཐུན་ཝང་ཅེ་ནི་དུས་རབས་སྔོན་གྱི་ལོ་རབས་དྲུག་ཅུ་བའི་ནང་བྱུང་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་རླབས་པོ་ཆེ་ཡིན་པ་དང་། ཁོས་རང་གི་གམ་དུ་ཡོད་པའི་དམངས་དམག་བཅུ་གཉིས་དང་མི་དམངས་དྲག་ཆས་ལས་བྱེད་པར་སྲུང་སྐྱོབ་བྱེད་པའི་ཆེད་དུ་རང་སྲོག་བློས་བཏང་བས། ཏང་ཡོངས་དང་དམག་དཔུང་ཡོངས། སྤྱི་ཚོགས་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་དཔེ་ལེགས་ཅན་དུ་གྱུར། ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཝང་ཅེ་ཡི་སྙིང་སྟོབས་ནི་སྔོན་ཆད་དང་ད་ལྟ། མ་འོངས་པར་ང་ཚོའི་བསམ་བློའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། ཝང་ཅེ་ཡི་སྙིང་སྟོབས་ལ་སློབ་སྦྱོང་དང་ལག་ལེན་བྱས་ནས་ཝང་ཅེ་ཡི་སྙིང་སྟོབས་དེ་དུས་རབས་གསར་པའི་ནང་སྔར་ལས་དར་སྤེལ་བྱེད་དགོས་ཟེར།

དེར་མཐུད་ནས་ཞི་ཅིན་ཕིང་འབུམ་སྡེ་ཆེན་མོའི་ལས་ཁུངས་ལ་ཕེབས་ཏེ། ལས་ཁུངས་ཀྱི་ལས་བྱེད་པ་དང་དེའི་ཁོངས་སུ་གཏོགས་པའི་དམག་དཔུང་གི་མདའ་ཤོག་ཡན་གྱི་ལས་བྱེད་པར་བརྩེ་བའི་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། དུས་རབས་ཀྱི་འཕེལ་རྒྱས་དང་དམ་དུ་སྦྲེལ་བ་དང་འགན་འཁྲིའི་ལས་འགན་དང་དམ་དུ་སྦྲེལ་བ། དཔོན་དམག་གི་དོན་དངོས་དང་དམ་དུ་སྦྲེལ་ནས། དམིགས་ཡུལ་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་བ་དང་། དགོངས་དོན་ལ་སློབ་སྦྱོང་དང་དེའི་ནང་དོན་རྟོགས་པར་བྱེད་པ། དོན་དངོས་ཀྱི་བྱ་བ་སྒྲུབ་པ་བཅས་ཀྱི་ཐད་ལ་ཤུགས་བསྐྱེད་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་དམག་དཔུང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་འགན་སྲུང་བྱེད་དགོས་པར་མ་ཟད་དེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།