ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同韩国总统文在寅举行会谈.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མར་ཝུན་ཚེ་དབྱིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། ཕྱོགས་གཉིས་ལ་ཁེ་ཕན་ཧ་ཆང་ཆེན་པོ་བསྐྲུན། ཉེ་སྔོན་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བའི་ཐད་ལ་བར་ཆད་ཁ་ཤས་བྱུང་བ་དང་། དེས་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པ་ཇི་ལྟར་གསར་གཏོད་སྔར་ལས་བཟང་པོ་བྱེད་པར་བློ་སྐྱེད་འབྱུང་དུ་བཅུག ཀྲུང་གོ་ཕྱོགས་ཀྱིས་ཧན་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཧན་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་དམ་པོར་འཛིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་གཙོ་བོར་བཟུང་སྟེ། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱེད་པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་དམིགས་འབེན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བདེ་བླག་ངང་སྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝུན་ཙེ་དབྱིན་གྱིས་གསུངས་རྒྱུར། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་དང་དམངས་ཁྲོད་མཛའ་མཐུན་ཇེ་དམ་དུ་གཏོང་བ་དང་། རིམ་པ་སོ་སོའི་འགྲོ་འོང་ཇེ་མང་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཧན་གོ་དང་ཀྲུང་གོ་གཉིས་ཀྱི་མཉམ་ལས་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བ་དང་། ཧན་གོ་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཧན་གོ་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞིའི་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་འདོད་ཡོད་ལ། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱལ་ཁབ་གཞན་པ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་རུང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ལ་བསམ་ཚུལ་བརྗེ་རེས་བྱས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་ས་ཏི་གནད་དོན་ཐད་ཀྱི་ལངས་ཕྱོགས་བསྐྱར་སྒྲོག་མཛད་པར་མ་ཟད། ཧན་གོ་ཕྱོགས་ཀྱིས་གནད་དོན་དེ་མུ་མཐུད་དུ་ཐག་གཅོད་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་དཔལ་འབྱོར་ཉོ་ཚོང་དང་ལྗང་མདོག་སྐྱེ་ཁམས་ཐོན་ལས། ཁོར་ཡུག འཕྲོད་བསྟེན། ཞིང་ལས། ནུས་ཁུངས། དགུན་ཁའི་ཨོ་རྩལ་འགྲན་ཚོགས་བཅས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་མཉམ་དུ་བདེན་དཔང་བྱས།

གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མར་ཝུན་ཙེ་དབྱིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།