ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིན་དུ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་པེ་ཅིན་དུ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང།

2.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་པེ་ཅིན་དུ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་དབྱིན་ཐེ་ནས་པེ་ཅིན་དུ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་བ་དང་། ཁོས་ཨོ་མིན་གྱི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་ཐད་ཡར་ཞུ་བྱས་པར་ཉན།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ལོ་གཅིག་གི་རིང་ལ། སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། དམངས་ཚིས་ལ་ཁེ་ཕན་སྐྲུན་པའི་བྱ་བ་བཟང་བོར་བསྒྲུབས་ཏེ། སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཁང་གི་འདེམ་བསྐོ་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། གློ་བུར་དུ་བྱུང་བའི་དོན་དག་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་བཟང་བོ་འཇལ་ཏེ། འཛུགས་སྐྲུན་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། ཀྲུང་དབྱང་གིས་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་ཚོས་ཧྲི་ཨན་དང་ཨོ་མིན་དམགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཨོ་མིན་གྱི་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཁྱོན་ཡོངས་ཀྱི་འདུ་ཤེས་དང་སྐྱིད་སྡུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཡར་རྒྱས་བརྩོན་ལེན་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཨོ་མིན་ནས་བདེ་བླག་ངང་ལག་བསྟར་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཀྲང་ཏི་ཅང་དང་ཏིན་ཞའོ་ཞང་། སུང་ཁྲུན་ལན། དབྱང་ཅེ་ཁྲི། ཡིད་ཆོན་བཅས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།