ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་གྲ་སྒྲིག་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6816cdc40aee2a61a564e9ff14f65860.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལིས་ཀྱིས་ཧི་པེ་ནས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་གཟིགས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་ཧི་པེ་ནས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་གཟིགས་ཞིབ་མཛད། ཀྲང་ཀའོ་ལིས་ཀྲང་ཅ་ཁུག་གྲོང་ཁྱེར་གྱི་ལས་རིགས་སློབ་གསོ་ལྟེ་གནས་སུ་ཕེབས་ཏེ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ལས་རིགས་སློབ་གྲྭ་འཛུགས་སྐྲུན་དང་ཆེས་ལས་ཤེས་ལྡན་མི་སྣ་དང་དང་བླངས་པ་སྐྱེད་སྲིང་བྱེད་པའི་འབྲེལ་ཡོད་བྱ་བར་རྒྱུས་ལོན་མཛད། ཡུན་ཏིན་ཁངས་ཤུད་སྤྱི་གླིང་དུ་ཕེབས་ཏེ། འགྲན་སྡུར་ར་བ་ལས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། སྦྱོང་བརྡར་བྱེད་བཞིན་པའི་ལུས་རྩལ་པར་འཚམས་འདྲི་ཞུས། ཀྲང་ཅ་ཁུག་འགྲན་སྡུར་ས་ཁུལ་ཇུས་འགོད་བྱེད་པའི་གནས་སྐབས་འགྲེམ་སྟོན་ཁང་ནས་ཀྲང་ཀའོ་ལིས་ཀྱིས་འགྲན་སྡུར་ར་བར་ཇུས་འགོད་བྱེད་པ་དང་འཛུགས་སྐྲུན་མྱུར་ཚད། འགྲན་སྡུར་རྗེས་ཀྱི་བཀོལ་སྤྱོད་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་མཛད། ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཀྲང་ཀའོ་ལིས་ཀྱིས་འགོ་འཛིན་མཛད་དེ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་གྲ་སྒྲིག་བྱ་བའི་ཡུལ་དངོས་གྲོས་ཚོགས་བསྡུས་ནས། གནས་པའི་གནད་དོན་དང་དཀའ་ཁག་ལ་ཞིབ་འཇུག་ཐག་གཅོད་བྱས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་བ་དང་། ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་མྱུར་དུ་སྐུལ་འདེད་བཏང་སྟེ། པེ་ཅིན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བཟང་བོ་བྱེད་དགོས་པའི་རེ་བ་གསལ་བོ་བཏོན་ཡོད་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་སྒྲུབ་པའི་འདུ་ཤེས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་གསུངས་རྒྱུར། གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱས་ཏེ། ཚད་གཞི་མཐོན་པོའི་སྒོ་ནས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ར་བ་དང་འབྲེལ་ཡོད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཟང་བོ་བྱེད་དགོས། འགྲན་སྡུར་གྱི་དགོས་མཁོ་དང་ཁོར་ཡུག་སྲུང་སྐྱོབ། འགྲན་སྡུར་རྗེས་ཀྱི་བཀོལ་སྤྱོད་བཅས་ལ་ཕྱོགས་བསྡུས་སྒོས་འདང་བརྒྱབ་སྟེ། ལུས་རྩལ་ར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གཙོ་བོར་བཟུང་ནས་ལེགས་སྒྲུབ་བྱེད་དགོས་ལ། འགྲན་སྡུར་ས་ཁུལ་གྱི་འགྲིམ་འགྲུལ་དྲ་རྒྱ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས། དེ་དང་མཉམ་དུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྒྲུབ་པ་དང་བསྟུན་ནས། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གསུམ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་བསྟན་དོན། པེ་ཅིན་དང་ཧི་པེ། འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཧུར་ཐག་སྒོས་འགན་འཁྲི་ལག་བསྟར་བྱེད་པ། མཉམ་ལས་དང་གཞོགས་འདེགས་དམ་པོ་བྱེད་པ་བཅས་བྱས་ནས། སྤུས་ཚད་མཐོ་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡན་ཏུང་གིས་མཉམ་དུ་རྟོག་ཞིབ་བྱས་པར་མ་ཟད་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།