ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

国家主席习近平发表二〇一八年新年贺词.jpg

ལུགས་གསར་ལོ་སར་གྱི་སྔོན་ཏག་ཏག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས། མཉམ་འབྲེལ་དྲ་རྒྱ་བཅས་བརྒྱུད་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལུགས་གསར་ལོ་སར་གྱི་སྔོན་ཏག་ཏག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས། མཉམ་འབྲེལ་དྲ་རྒྱ་བཅས་བརྒྱུད་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ།

ཤིས་ཚིག་ནང་བསྟན་དོན། ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་ལ་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུས་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲོགས་པོ་རྣམས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས།

ཉིས་སྟོང་བཅུ་བདུན་ལོར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་འགོ་ཚུགས་ཡོད། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་འབུམ་བརྒྱད་ཟིན་པའི་སྐས་རིམ་ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་གསར་སྣོན་བྱུང་བའི་མི་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ཙམ་ཟིན་པ། སྤྱི་ཚོགས་རྒན་གསོ་ཉེན་ཚབ་ཁྲོད་དུ་མི་དུང་ཕྱུར་དགུ་ལྷག་ཞུགས་པ། གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་དུ་མི་དུང་ཕྱུར་བཅུ་གསུམ་དང་བྱེ་བ་ལྔ་ཞུགས་པ། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་ལྷག་དབུལ་ཐར་བྱས། ཁྱིམ་ཚང་མང་པོའི་སྡོད་ཁང་འགན་སྲུང་ལས། དབུལ་ཕོངས་མི་གྲངས་ས་ཡ་གསུམ་དང་བཞི་འབུམ་ས་ཆ་གཞན་ལ་གནས་སྤར་བ་དང་། ཁང་རྙིང་སྒྱུར་བཀོད་བྱེད་པའི་ལས་འགོ་བརྩམས་ཏེ་ཁང་པ་ས་ཡ་དྲུག་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། དམངས་འཚོའི་བྱ་གཞག་སྣ་ཚོགས་གོང་འཕེལ་མགྱོགས་པོ་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ལེགས་བཅོས་བྱུང་ལ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཚོར་བ་བཅས་སྔར་ལས་ཇེ་དྲག་ཏུ་གྱུར། ང་ཚོ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་ལེགས་འགྲུབ་བྱེད་པའི་དམིགས་འབེན་དང་སླར་ཡང་ཐག་ཇེ་ཉེར་སོང་ཡོད།

ང་ཚོས་ཀྲུའུ་རེ་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་དམག་འཐབ་དངོས་ཀྱི་སྦྱོང་བརྡར་བྱས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་༩༠འཁོར་བར་དྲན་གསོ་ཞུས་ཤིང་། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་༢༠འཁོར་བའི་སྐབས་འདིར་ང་རང་ཤང་ཀང་ལ་སོང་བ་ཡིན། མེས་རྒྱལ་གྱི་སྟོབས་ཆེའི་རྒྱབ་རྟེན་ཡོད་པས་ཞང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་མིག་མཐོང་ལག་ཟིན་བྱུང་བས་འབྱུང་འགྱུར་དེ་བས་ཡག་པ་ཡོང་ངེས་རེད། ང་ཚོས་ད་དུང་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལངས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་མཛད་སྒོ་དང་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་རྒྱལ་ཁབ་ནས་སྤྱི་སྒྲུབ་འདས་མཆོད་བྱེད་པའི་མཛད་སྒོ་བསྡུས་ཏེ་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་ཞི་བདེ་ཡོང་བའི་སྨོན་འདུན་ཞུས།

ང་ཚོས་རྒྱལ་ནང་དུ་ཕྱོགས་མང་ཕྱི་འབྲེལ་བྱེད་སྒོ་ཁ་ཤས་སྤེལ་བ་དང་། དེའི་ནང་སྐབས་དང་པོའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མིན་གྲོས་མོལ། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གྲོས་མོལ་ཚོགས་འདུ་སོགས་འདུས་ཡོད། ང་རང་ད་དུང་འཛམ་གླིང་གི་ཕྱོགས་མང་གྲོས་ཚོགས་གལ་ཆེན་ཁ་ཤས་ལ་ཞུགས་པ་ཡིན། ད་ལོའི་ལོ་འགོར། ང་རང་ད་འོ་སིའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ལ་ཞུགས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་སྤྱི་ཁྱབ་པུའུ་ནས་གཏམ་བཤད་སྤེལ་བ་དང་། རྗེས་སུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་སོགས་ལ་ཞུགས། གྲོས་ཚོགས་མི་འདྲ་བ་དེ་དག་ནས་བདག་གིས་འབྲེལ་ཡོད་ཕྱོགས་ཁག་དང་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་། ཚང་མས་མིའི་རིགས་ཀྱི་ལས་དབང་གཅིག་པའི་མ་ལག་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་བ་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཅེས་བསྔགས་བརྗོད་ཐོབ།

ཉིས་སྟོང་བཅུ་བདུན་ལོར། བདག་ལ་མང་ཚོགས་ཀྱི་ཡི་གེ་མང་པོ་འབྱོར་བ་དང་། དེའི་ནང་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་ཚོ་དང་། ནང་སོག་སུ་ཉི་ཐེ་ཡའུ་རྫོང་གི་ཨུ་ལན་མུ་ཆིའི་རུ་མི་ཚོ། ཤི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་རྒན་གྲས་བཅས་ཡོད་ལ་ནན་ཁའེ་སློབ་ཆེན་གྱི་གསར་དུ་ཞུགས་མ་ཐག་པའི་སློབ་གྲྭ་ཆེན་མོ་བ་ཡང་ཡོད། ཁོང་ཚོའི་གཏམ་རྒྱུད་ཀྱིས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་རྒྱལ་གཅེས་དང་ལེགས་སྐྱེས་འབུལ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས་ང་རང་ལ་མང་ཚོགས་ཁྲི་སྟོང་མང་པོ་ནི་ཆེས་རླབས་ཆེ་བ་ཡིན་པའི་ཚོར་སྣང་བྱུང་། དུས་མཚུངས་སུ་བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཡིན་པའི་ཚོར་སྣང་ཡང་བྱུང་།
ཉིས་སྟོང་བཅོ་བརྒྱད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་རང་རྒྱལ་གོང་འཕེལ་གྱི་མ་འོངས་པའི་ལོ་སུམ་ཅུའི་མཛེས་སྡུག་ལྡན་པའི་འཆར་གཞི་གཏན་འཁེལ་བྱས་ཡོད། འཆར་གཞི་དེ་མངོན་འགྱུར་བ་བྱེད་པར་ཏན་ཏན་ཏིག་ཏིག་སྒོས་ལས་དོན་སྣ་ཚོགས་བཟང་བོར་བསྒྲུབ་དགོས།

ཉིས་སྟོང་བཅོ་བརྒྱད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཡིན། བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་གོང་འཕེལ་ཡར་ཐོན་གྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན། ང་ཚོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་ལ་བཟུང་སྟེ། རི་གཤགས་ལམ་གཏོད་དང་ཆུ་ལ་ཟམ་པ་བསྐྲུན་ནས་བཅོས་སྒྱུར་མཐར་ཕྱིན་བྱེད་དགོས།

ཉིས་སྟོང་ཉི་ཤུ་ལོར་སླེབས་སྐབས་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གྲོང་གསེབ་དབུལ་ཕོངས་མི་གྲངས་དབུལ་ཐར་བྱ་རྒྱུ་ནི་ང་ཚོའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཡིན། ཉིས་སྟོང་ཉི་ཤུ་ལོར་སླེབས་པར་ལོ་གསུམ་ལས་མེད་པས་སྤྱི་ཚོགས་ཡོངས་ནས་བྱ་སྤྱོད་སྤེལ་ཏེ་གནད་ལ་ཕིགས་པའི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་དགོས། ལོ་གསུམ་སོང་རྗེས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས།

མིག་སྔར། ཕྱོགས་སོ་སོས་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་མདུན་ལམ་ལ་རེ་བ་བཅངས་ཡོད་ལ་སེམས་ཁྲལ་བྱེད་ཅིང་། ད་དུང་ཀྲུང་གོའི་ལངས་ཕྱོགས་དང་རྣམ་འགྱུར་ལ་རེ་སྒུག་བྱེད་ཀྱིན་ཡོད། གནམ་འོག་ཁྱིམ་ཚང་གཅིག་ལྟར་ཡིན། ཀྲུང་གོ་ནི་འགན་ཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་སྐད་ཆ་ཤོད་རྒྱུ་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་ཁུར་འོས་པའི་རྒྱལ་སྤྱིའི་འོས་འགན་དང་འགན་འཁྲི་ཧུར་ཐག་འཁུར་དགོས། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་པའི་ཁས་ལེན་རྣམས་ཁ་དན་ཚིག་ལ་གནས་པར་བྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་འཛམ་གླིང་ཡོངས་ཀྱི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་དགོས། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་དར་རྒྱས་དང་བརྟན་འཇགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་འདོད་ཡོད།

ང་ཚོའི་རླབས་ཆེན་གྱི་གོང་འཕེལ་གྲུབ་འབྲས་ནི་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཞིག་ཡིན་པས། མི་དམངས་ཀྱིས་མཉམ་སྤྱོད་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་ས་ནི་སློབ་གསོ་དང་ལས་ཞུགས། ཡོང་སྒོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། དམངས་ཚིས། ཁོར་ཡུག་སོགས་ཐད་ཀྱི་དོན་དག་ཡིན་པ་དང་། ཚང་མར་གྲུབ་འབྲས་མང་པོ་ཐོབ་ཡོད་ལ་སེམས་ཁྲལ་བྱ་ཡུལ་ཡང་མི་ཉུང་བ་ཞིག་ཡོད་པ་བདག་གིས་ཤེས་རྟོགས་བྱུང་། དམངས་ཚོས་ལས་དོན་ཐད་ལ་སྒྲུབ་པ་མི་འདང་བའི་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པས། ང་ཚོས་སྤོབས་པ་ཆེ་རུ་བསྐྱེད་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་བྱ་དོན་རྣམས་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལས་བྱེད་པ་བཅས་ནས་དུས་དང་རྣམ་པ་ཀུན་དུ་མང་ཚོགས་ཀྱི་བདེ་སྡུག་དང་དྲོ་གྲང་ཡིད་ལ་འཛིན་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྲུབ་འབྲས་ཆེ་ཤོས་ལ་བརྩིས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོང་བ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།