ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བའི་མཛད་སྒོ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0.jpg

ཟླ་དང་པོའི་ཚེས་བཅུ་ཉིན། ཀྲུང་དབྱང་དམག་ཨུས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བའི་མཛད་སྒོ་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བར་མ་ཟད་བསླབ་བྱ་གནང་། པར་འདི་ནི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བའི་ཚུལ་རེད།

01.jpg

ཟླ་དང་པོའི་ཚེས་བཅུ་ཉིན། ཀྲུང་དབྱང་དམག་ཨུས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བའི་མཛད་སྒོ་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བར་མ་ཟད་བསླབ་བྱ་གནང་། པར་འདི་ནི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་བསླབ་བྱ་གནང་བའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་ཨུས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བའི་མཛད་སྒོ་ཚེས་བཅུ་ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བར་མ་ཟད་བསླབ་བྱ་གནང་།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། དར་ཆ་གནང་བའི་མཛད་སྒོ་འགོ་བརྩམས། དཔོན་དམག་རྣམས་གྲལ་འགྲིག་པ་དང་ཚོགས་ར་ཡོངས་ཀྱིས་རྒྱལ་གླུ་བླངས། ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་སྤྱི་ཆེན་མོ་ཝང་ཉིང་དང་ཆབ་སྲིད་ཨུ་ཡོན་ཀྲུའུ་ཧྲིན་ལིན་གཉིས་ལ་དར་ཆ་གནང་། ཝང་ཉིང་དང་ཀྲུའུ་ཧྲིན་ལིན་གཉིས་ཀྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་རྗེས། ཞི་ཅིན་ཕིང་གི་ལག་ནས་དྲག་ཆས་ཉེན་རྟོག་དམག་དཔུང་གི་དར་ཆ་བླངས། དཔོན་དམག་ཡོངས་ཀྱིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་དར་ཆར་བརྗིད་ཉམས་ལྡན་པའི་ངང་གུས་འདུད་ཞུས།

དར་ཆ་གནང་བའི་མཛད་སྒོ་གྲོལ་རྗེས། ཞི་ཅིན་ཕིང་གིས་བསླབ་བྱ་གནང་། ཁོང་གིས་གསུངས་རྒྱུར། ཏང་ཀྲུང་དབྱང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་ལེགས་སྒྲིག་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་གཅིག་བསྡུ་གཅིག་གྱུར་གྱི་འགོ་ཁྲིད་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དམག་ཨུ་དང་དྲག་ཆས་ཉེན་རྟོག་དམག་དཔུང་། དམག་དཔུང་བཅས་ཀྱི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་ལག་བསྟར་བྱེད་པ་ཐད་བཅད་པ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་གིས་རྒྱལ་ཡོངས་དྲག་ཆས་སྟོབས་ཤུགས་ཀྱི་མཐའ་གཅིག་གི་འགོ་ཁྲིད་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ཆོད་དོན་གལ་ཆེན་ཡིན་ལ། ཏང་གིས་དུས་རབས་གསར་བའི་དམག་སྐྱེད་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་ཡོང་བ་མངོན་འགྱུར་བྱེད་པ་བཅས་ཐད་ལ་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། དྲག་ཆས་ཉེན་རྟོག་དམག་དཔུང་ནི་ཏང་གིས་མི་དམངས་དྲག་ཆས་སྟོབས་ཤུགས་འགོ་ཁྲིད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་བཟང་བོར་སྲུང་སྐྱོབ་བྱེད་པའི་ཐད་འགན་འཁྲི་ལྗིད་མོ་འཁུར་ཡོད་པར་མ་ཟད། ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཁྱད་པར་དུ་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ལྡན་པས། བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། དུས་རབས་གསར་བའི་ཏང་གི་དམག་སྐྱེད་བསམ་བློ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་མཐའ་གཅིག་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ཁྱབ་ལ་ཉན་དགོས་པར་མ་ཟད། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་སྟེ། དུས་དང་རྣམ་པ་ཀུན་དུ་ཏང་དང་མི་དམངས་ལ་བློ་དཀར་བའི་སྲུང་དམག་བྱེད་དགོས་ཟེར།

ཀྲུའུ་ཧྲིན་ལིན་གྱིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཚབ་བྱས་ཏེ་གཏམ་བཤད། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་བསླབ་བྱ་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་བཅས་ལ་ཉན་ནས། དམག་སྦྱོང་དམག་འཁྲུག་ལ་གྲ་སྒྲིག་བྱེད་པར་དམིགས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་མི་དམངས་ཀྱི་མངག་བཅོལ་ནན་མོ་སྟོང་ཟད་དུ་མི་གཏོང་ཟེར།

དར་ཆ་གནང་བའི་མཛད་སྒོའི་སྟེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལིང་གིས་ཀྲུང་དབྱང་དམག་ཨུས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བའི་བཀའ་ཁྱབ་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིད་ཞ་ཡིས་དར་ཆ་གནང་བའི་མཛད་སྒོར་འགོ་འཛིན་བྱས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བེས་ཧྥུན་ཧི་དང་ལིས་ཙོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན་བཅས་བྱ་འགུལ་ཁྲོད་ཞུགས། ལས་ཁུངས་ཆེན་མོ་སོ་སོ་དང་དམག་ཨུའི་ལས་ཁུངས་སོ་སོའི་འགོ་ཁྲིད་གཙོ་བོ་དང་དམག་དཔུང་གི་དཔོན་དམག་འཐུས་མི་སོགས་དར་ཆ་གནང་བའི་མཛད་སྒོར་ཞུགས།

དེའི་རྗེས་སུ། ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཁྲི་ཤོག་ཡན་གྱི་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོར་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།