ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་གྲོས་དཔོན་ལ་མཉམ་དུ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平集体会见北欧和波罗的海国家议长.jpg

  
ཟླ་དང་པོའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་གྲོས་ཁང་གི་འགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་གྲོས་ཁང་གི་འགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་། ཧྥིན་ལན་གྱི་གྲོས་དཔོན་ལོ་ཧི་ལ་དང་ནོར་ཝེའི་གྲོས་དཔོན་ཐོ་མ་སིན། འཁྱགས་གླིང་གི་གྲོས་དཔོན་ཞི་ཀི་ཧྥུའུ་སུང་། ཨེ་སོ་ནི་ཡའི་གྲོས་དཔོན་ནེ་སི་ཐོ་ཨར། ལ་ཐེ་ཝེ་ཡའི་གྲོས་དཔོན་མུའུ་ཨར་ཉི་ཚེ། ལི་ཁུ་ཝན་ནི་ཡའི་གྲོས་དཔོན་ཕུའུ་ལན་ཚི་ཁེ་ཏིས་སི། སུའེ་ཏེན་གྱི་གྲོས་དཔོན་གཞོན་པ་དང་པོ་ཧྥུན་ཉི་བཅས་མཇལ་འཕྲད་ལ་ཞུགས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཐེངས་འདིར་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པས་མཉམ་འབྲེལ་སྒོས་ཀྲུང་གོར་འཚམས་འདྲི་བྱེད་པ་ནི་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་མཉམ་དུ་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་སྤེལ་བའི་རྣམ་པ་གསར་བ་ཞིག་ཡིན། དེ་ལས་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆས་ཇེ་དམ་དུ་བཏང་བ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་དུས་རབས་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད་པས། ངས་དེར་དགའ་བསུ་ཞུས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། ཀྲུང་གོ་དང་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་ཟ་བ་བླངས་པར་མ་ཟད། མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་དམངས་འདུན་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་། ཀྲུང་གོ་དང་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་སོང་སྟེ། གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་གཉིས་དང་ས་ཁུལ་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་། དེ་ང་ཚོ་རང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད་ལ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་ཡིན། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ། བཟོད་སྒོམ་དང་ཕན་ཚུན་བར་དཔྱད་གཞིར་འཛིན་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱས་ནས། འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཡང་དག་པའི་འཕེལ་རྒྱས་ཁ་ཕྱོགས་དམ་པོར་འཛིན་དགོས་ཟེར།

ཞི་ཅིན་ཕིང་གིས་ད་རུང་མགྲོན་པོ་རྣམས་ལ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཚམས་སྦྱོར་མཛད།

མཇལ་འཕྲད་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་གྲོས་ཁང་གི་འགོ་ཁྲིད་པས་ཡོ་རོབ་གླིང་བྱང་མ་དང་པོ་ལོ་ཏེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ཀྲུང་གོ་བར་གྱི་མཛའ་བཤེས་ལ་གཅེས་སྤྲས་བྱས་ནས། ཀྲུང་གོ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཁྲིན་མཇལ་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།