ཀྲང་གོ་ལིས་ཀྱིས་ཨན་ཧོས་ཞིང་ཆེན་གྱི་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་བར་རྟོག་ཞིབ་བྱས།

长江调研.jpg

ཟླ་དང་པོའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གཞོན་པ་ཀྲང་གོ་ལིས་ཀྱིས་ཨན་ཧོས་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་བར་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གཞོན་པ་ཀྲང་གོ་ལིས་ཀྱིས་ཨན་ཧོས་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་བར་རྟོག་ཞིབ་བྱས།

ཀྲང་གོ་ལིས་ཧི་ཧྥེ་གྲུ་ཁ་རུ་སོང་ནས། སྒོ་རྒྱབ་ཟིན་པའི་རྡོ་སེག་ཚོང་ར་གྲུ་ཁ་དང་བཤིག་གཏོར་བྱས་པའི་གྲུ་གཟིངས་སོགས་ལྟ་ཞིབ་བྱས་པ་དང་། གྲུ་ཁར་ལེགས་བཅོས་བྱེད་པ་དང་རྫས་འགྱུར་བཙོག་བཟོ་སོགས་བྱ་བར་རྟོག་ཞིབ་བྱས། ཅང་དཔལ་རླངས་འཁོར་མ་རྐང་ཀུང་ཟི་རུ་སོང་ནས། ནུས་ཁུངས་གསར་བའི་རླངས་འཁོར་ཞིབ་འཇུག་གསར་སྤེལ་ཚོད་ལྟ་ཁང་དང་ཐོན་སྐྱེད་སྒྲུབ་རིམ་ལ་བལྟས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཁྲོད་ཞུགས་པའི་གནས་ཚུལ་ཐད་ནས་རྒྱུས་ལོན་བྱས། ཚེས་བཅུ་ཉིན་གྱི་སྔ་དྲོར། ཀྲང་གོ་ལིས་ཀྱི་འགོ་འཛིན་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཉེ་བའི་ལོ་འགའི་རིང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བའི་བྱ་བར་སྤྱི་སྡོམ་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཀྲང་གོ་ལིས་ཀྱིས་གསུང་རྒྱུར། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་། སྲུང་སྐྱོབ་ཆེན་མོར་དམ་འཛིན་བྱེད་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པ་ཁ་ཕྱོགས་སུ་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་སྣེ་ཁྲིད་དུ་བྱས་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དག་ཐེར་བྱེད་པ་དང་། འབྲི་ཆུའི་འགྲམ་རྒྱུད་ལ་སྲུང་སྐྱོབ་བྱེད་པ། ཆུ་རྐ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་བཞུར་རྒྱུན་གྱི་གྲོང་ཁྱེར་ཚོགས་ཆེན་པོ་གསུམ་གོ་འཛོལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཅེས་གསུང་བ་དང་། ཙུང་ལི་ལིས་ཁི་ཆང་གིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་ནས་རེ་བ་བཏོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་། དཀའ་སྤྱད་འབད་བརྩོན་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་བླངས། གོ་རིམ་རྗེས་མར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་ཁྲིད་དུ་བྱེད་པ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཀྲང་གོ་ལིས་ཀྱིས། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། རྩ་འཛུགས་འགན་སྲུང་ལ་ཤུགས་སྣོན་པ། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་དང་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

མཱ་ཁེ། ལིས་ཆང་། ཁྲིན་མེན་ཨར། དབྱང་ཅིན་བཅས་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།