ཀྲུང་གོ་བོད་ཀྱི་དྲ་བ།

ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུངས་བཤད་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུངས་བཤད་ལ་གྲོས་སྡུར་བྱས།

སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་། གསུངས་བཤད་ཐད་ནས་དུས་རབས་གསར་བར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྤྱི་ཁོག་གི་རེ་བ་དང་ལས་འགན་གཙོ་བོ་བཏོན་པས། མི་སེམས་ལ་སྐུལ་མ་ཐེབས་པར་བྱས། ཚོགས་ཞུགས་འཐུས་མི་དང་རྒྱལ་ཡོངས་ས་ཆ་སོ་སོའི་ཏང་ཡོན་ལས་བྱེད་པ་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རབས་གསར་བའི་ནང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་ཡིན་པའི་ཚུལ་བསྟན།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་ཉམས་མྱོང་གལ་ཆེན་ལ་སྤྱི་སྡོམ་བཟང་བོ་བྱས་པ་དང་། གྲུབ་འབྲས་ཐོབ་སླ་པོ་ཞིག་མིན་ལ། ཉམས་མྱོང་ཧ་ཅང་རྩ་ཆེ་བས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པར། དཀའ་ངལ་གདོང་གིས་བསུ་བའི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་སྒོས་དམ་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་བཤད་ནང་། མཐའ་གཅིག་ཏུ་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ལྐོག་རྔན་གྱི་བྱ་བ་ཆེ་ཆུང་མི་དབྱེ་བར་རྡུང་རྡེག་ཆེན་པོ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པས། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་བཅོས་སྐྱོང་ནན་མོ་བྱེད་པ་དང་། ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་སོགས་ཀྱི་གནད་དོན་ལ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི། ཚོགས་ཞུགས་འཐུས་མི་ཚོས་བགྲོ་གླེང་བྱེད་པའི་གནད་འགག་གྲས་ཀྱི་གཅིག་ཏུ་གྱུར་ཡོད།

ས་ཆ་སོ་སོའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་ལ་བལྟར་རྗེས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ཀྱིས་ཁ་ཕྱོགས་གསལ་བོ་བསྟན་ཡོད་པས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། བྱ་བའི་གཙོ་གནད་གཞི་རིམ་དུ་འཇོག་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས། མང་ཚོགས་ཀྱི་ཡར་ཞུ་བྱས་པའི་འབུར་ཐོན་གནད་དོན་ཐག་གཅོད་པའི་ཐད་ཤུགས་འདོན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།