ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས«རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས«རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

«བསམ་འཆར»ལས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་འཛུགས་པ་ནི་ཏང་ཀྲུང་དབྱང་གིས་དམངས་ཆེན་གྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་འགན་ནུས་ཇེ་ཆེར་གཏོང་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་རྒྱལ་དབང་རྒྱུ་ནོར་དོ་དམ་དང་བཅོས་སྐྱོང་ལ་ཤུགས་སྣོན་པའི་རྨང་གཞིའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། དེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་དང་མཐུན་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་འཚམ་པར་མ་ཟད། རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་མངོན་གསལ་སྒོས་ཁྱབ་སྒྲོག་བྱེད་ཚད་ཇེ་ཆེར་གཏོང་བ་དང་རྒྱལ་དབང་རྒྱུ་ནོར་དོ་དམ་གྱི་ཡིད་ཆེས་ནུས་པ་ཇེ་ཆེར་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། མི་དམངས་ཀྱི་ཐུན་མོང་རྒྱུ་ནོར་ལ་དོ་དམ་བཟང་བོ་བྱེད་པ། དམངས་ཆེན་གྱིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

«བསམ་འཆར»ལས་ད་དུང་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། སྙན་ཞུའི་རྣམ་པ་དང་བྱ་བ་གཙོ་བོ། གྲོས་ཞིབ་ཀྱི་གོ་རིམ། རྩ་འཛུགས་འགན་སྲུང་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།