ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གནས་སྐོར་ཅུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས«དབུལ་ཕོངས་ས་ཁུལ་གྱི་གནས་སྐོར་དབུལ་སྐྱོར་འགུལ་སྐྱོད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པའི་སྐོར་གྱི་ཇུས་གཞི»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གནས་སྐོར་ཅུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་ཉེ་ལམ«དབུལ་ཕོངས་ས་ཁུལ་གྱི་གནས་སྐོར་དབུལ་སྐྱོར་འགུལ་སྐྱོད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པའི་སྐོར་གྱི་ཇུས་གཞི»འགྲེམ་སྤེལ་བྱས་ཏེ། དབུལ་ཕོངས་ས་ཁུལ་གཅིག་སྡུད་བྱས་ཏེ་གནས་སྐོར་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་།

ཇུས་གཞིའི་ནང་བསྟན་དོན། དབུལ་ཕོངས་ས་ཁུལ་གྱི་གནས་སྐོར་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་དམིགས་འབེན་དང་ལས་འགན་ནི། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ལྗོངས་གསུམ་ཁུལ་གསུམ་སོགས་དབུལ་ཕོངས་ས་ཁུལ་གྱི་གནས་སྐོར་དབུལ་སྐྱོར་འཆར་འགོད་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཕྱིའི་སྒྲིག་ཆས་མངོན་གསལ་སྒོས་ལེགས་བཅོས་བྱེད་པ། ཞང་སྡེ་གནས་སྐོར་དབུལ་སྐྱོར་དང་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱེད་པ། ཞང་སྡེ་གནས་སྐོར་དབུལ་སྐྱོར་གྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་བ། ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་རྫས་སྤུས་ཚད་མངོན་གསལ་སྒོས་ཇེ་ཆེར་གཏོང་བ། ཞང་སྡེའི་གནས་སྐོར་ལས་རིགས་ཁྱབ་གདལ་དུ་གཏོང་བ། གནས་སྐོར་ཕྱོགས་བསྡུས་ཕན་འབྲས་རྒྱུན་མཐུད་སྒོས་ཇེ་མང་དུ་གཏོང་བ། གནས་སྐོར་དབུལ་སྐྱོར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། ཞང་སྡེ་གནས་སྐོར་གྱིས་ལྗོངས་གསུམ་ཁུལ་གསུམ་སོགས་དབུལ་ཕོངས་ས་ཁུལ་ལ་སྣེ་ཁྲིད་དང་སྐུལ་འདེད་བཏང་ནས་དུས་ལྟར་དབུལ་ཐར་ཁྲོད་དུ་ཕན་ནུས་འདོན་རྒྱུ་དེ་ཡིན་ཟེར།

ཇུས་གཞིའི་ནང་དུ་ས་གནས་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་གནས་སྐོར་དབུལ་སྐྱོར་གྱི་ཤེས་ལྡན་མི་སྣའི་འགན་སྲུང་ལ་ཤུགས་བསྣན་ཏེ། གནས་སྐོར་དབུལ་སྐྱོར་ལས་གཞིའི་མ་དངུལ་ལ་འགན་སྲུང་བྱེད་དགོས་པར་མ་ཟད་གནས་སྐོར་དབུལ་སྐྱོར་གྱི་ལྟ་སྐུལ་མཛུབ་སྟོན་རྐྱེན་སྲོལ་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན།

རྒྱལ་ཁབ་གནས་སྐོར་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། དབུལ་ཕོངས་སུ་ཁུལ་གྱི་གནས་སྐོར་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་སྐབས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ་ལྗོངས་གསུམ་ཁུལ་གསུམ་སོགས་དབུལ་ཕོངས་ས་ཁུལ་གྱི་གནས་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གནས་སྐོར་ལས་རིགས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཁྲོད་དུ་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།