ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཆེད་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་ལས་རིགས་ཀྱི་མི་སྣས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9fb306e9424b3b78c742e6cf9d5a8b81.jpg

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཆེད་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་ལས་རིགས་ཀྱི་མི་སྣས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཆེད་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་ལས་རིགས་ཀྱི་མི་སྣས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གཉིས་ཀ་བཞུགས་མོལ་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ལིག་ཡན་ཧྭ་དང་པེ་ཅིན་སློབ་ཆེན་གྱི་ཀྲིག་ཆི་རིན་སོགས་ཀྱིས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་བའི་མཁར་གྲོང་ཅན་དུ་བསྒྱུར་བ་སོགས་ལ་དམིགས་ཏེ་གཏམ་བཤད།

ལིས་ཁི་ཆང་གིས་གསུངས་རྒྱུར། ན་ནིང་ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་སོང་བ་དང་སྔོན་དཔག་བྱས་པ་ལས་བཟང་ལ། སྤྱིའི་འཕར་ཚད་འཕར་སྣོན་ཆེན་པོ་བྱུང་བ་དང་གྲུབ་ཚུལ་ལེགས་སྒྲིག་དང་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་མཐོར་སོང་། དེང་སྐབས་དཀའ་ཁག་གི་འགྲན་རྩོད་སྔར་བཞིན་ཅུང་མང་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས་ལ། ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཚང་མས་འཆར་འགོད་དང་ཇུས་གཞི་གང་མང་འདོན་དགོས་པ་དང་། གྲོས་གཞི་གང་མང་ཞིག་སྲིད་གཞུང་གིས་དཀའ་གནད་ཐག་གཅོད་པ་དང་བྱ་བ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་བཟང་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།