ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e0779d332102e0f902e768e7a1431610.jpg

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གིས་པེ་ཅིན་ནས་འགོ་འཛིན་མཛད་དེ་རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་འགོ་འཛིན་མཛད་དེ་ཞིང་ལས་ཁྱབ་བཤེར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་གསུངས་རྒྱུར། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས། ལོ་གསུམ་རིང་ལ་བསྒྲུབས་པའི་རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པའི་བྱ་བས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས། དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་དམ་པོ་ཡོད་པའི་དོན་ཆེན་ཞིག་ཡིན་ལ། དུས་རབས་གསར་བའི་ཞིང་གསུམ་བྱ་བའི་ཕྱོགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཁྱབ་བཤེར་བྱས་པའི་ཕུན་སུམ་ཚོགས་པའི་ཆ་འཕྲིན་ལ་བརྟེན་ནས། ཞིང་གསུམ་བྱ་བའི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱེད་པ་དང་། ཚན་རིག་དང་ཕན་འབྲས་ལྡན་པའི་ངང་ཞིང་ལས་དང་ཞིང་སྡེའི་བྱ་བར་མཛུབ་སྟོན་བྱས་ནས། ཞིང་སྡེ་དར་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཝང་དབྱང་གིས་གསུངས་རྒྱུར། རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པའི་བྱ་བར་ནང་དོན་ཕུན་སུམ་ཚོགས་ཤིང་ཁྱབ་ཁོངས་རྒྱ་ཆེ་ལ་གྲུབ་འབྲས་མང་པོ་ལྡན། ཁྱབ་བཤེར་བྱས་པའི་རྨང་གཞིའི་རྒྱུ་ཆ་དང་ལག་བསྟར་ཉམས་མྱོང་བདེ་སྤྱོད་གང་ལེགས་བྱས་ནས། ཞིང་གསུམ་བྱ་བའི་སྡོམ་རྩིས་བརྟག་དཔྱད་ཀྱི་དམིགས་ཚད་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བརྟག་དཔྱད་བྱེད་ཐབས་གསར་གཏོད་བྱེད་པ། གཞི་གྲངས་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཞིང་གསུམ་སྡོམ་རྩིས་བྱ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་ཡོངས་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ཁ་ཤས་ཀྱི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།