ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་གློག་ཁབ་ལེན་ཚད་ལེན་ཚོད་ལྟའི་འཁོར་སྐར་བར་སྣང་དུ་བཏང་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་གཉིས་ཉིན་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལར་གློག་འཕྲིན་བཏང་ནས། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་གློག་ཁབ་ལེན་ཚད་ལེན་ཚོད་ལྟའི་འཁོར་སྐར་བར་སྣང་དུ་བཏང་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་གློག་འཕྲིན་བརྒྱུད་ནས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱིས་གློག་ཁབ་ལེན་ཚོད་ལེན་ཚོད་ལྟའི་འཁོར་སྐར་ལས་གཞི་མཉམ་ལས་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ནི། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཁྱོན་ཡོངས་ནས་མངོན་དུ་གྱུར་བའི་མཚོན་རྟགས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཁའ་འགྲུལ་ལག་རྩལ་སྤྱོད་ཤེས་བྱས་ཏེ་སའི་གོ་ལའི་གློག་ཁབ་ལེན་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་བར་མ་ཟད། ས་འགུལ་སྔོན་བརྡ་གཏོང་བ་དང་གནོད་འཚེ་འགོག་པ་དང་སེལ་བར་བྱེད་ནུས་མི་དམན་པ་བཏོན་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད་ཟེར།

མཱ་ཐ་ལེ་ལ་ལགས་ཀྱིས་ཀྱང་གློག་འཕྲིན་བརྒྱུད་དེ་བཞེད་དོན། གློག་ཁབ་ལེན་ལྟ་ཞིབ་ཚོད་ལྟའི་འཁོར་སྐར་ལེགས་འགྲུབ་བྱུང་བ་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲུབ་འབྲས་གལ་ཆེན་ཞིག་ཡིན་པདང་། དེས་རྒྱལ་ཁབ་གཉིས་ཀྱི་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་གྲོགས་པོའི་འབྲེལ་བ་མངོན་པར་མཚོན་ཡོད་ཅིང་། དབྱི་ཐ་ལི་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་མཉམ་ལས་འབྲེལ་བར་ཤུགས་སྣོན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།