ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིས་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་འཐུས་མིའི་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ཀྱི་བསམ་འཆར་ལ་ཉན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ། འཐུས་མི་དགུ་ཡིས་གཏམ་བཤད་སྤེལ། ལིས་ཁི་ཆང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག རང་རྒྱལ་གྱི་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས། མི་དམངས་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་ལས་ཕྱིར་འདོན་བྱས་ནས། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ཐག་གཅོད་དགོས་ཟེར།

ཝུའུ་ཧན་སློབ་ཆེན་གྱི་ཏིག་ཞན་ཁང་དང་ཞི་ཧུའུ་མཐོ་རིམ་ཞིབ་འཇུག་གླིང་གི་ཧྲི་དབྱེ་ཀུང་། ཀྲུང་གོའི་ཚན་རིག་གླིང་གི་ཁྲིན་ཀྲི་མེན་གསུམ་གྱིས་སློབ་གསོ་དོ་མཉམ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་། རྨང་གཞི་ཞིབ་འཇུག་སོགས་ཐད་ནས་བསམ་འཆར་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ན་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དགོས་པ་དང་། འདྲ་མཉམ་གྱི་ཁོར་ཡུག་བསྐྲུན་ནས། ཆུ་ཙད་མཐོ་བའི་གཞུང་གཉེར་དང་དམངས་གཉེར་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཏུན་ཧོང་ཞིབ་འཇུག་གླིང་གི་ཕན་ཅིན་ཧྲི་དང་གློག་བརྙན་འཁྲབ་སྟོན་པ། ཧོང་པའོ་གཉིས་ཀྱིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ་དང་གློག་བརྙན་འཕྲིན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ལྟ་ཚུལ་གླེང་། ལིས་ཁི་ཆང་གིས་གསུངས་རྒྱུར། ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། རྒྱུ་སྤུས་མཐོ་བའི་རིག་གནས་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་དགོས་ཟེར། ཐེ་ཏཱ་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་གི་ལིག་ཞའོ་ཁྲིན་དང་ཀྲུང་གོའི་བུད་མེད་ཕྲེང་གྲུག་གི་ལང་ཕིང་གཉིས་ཀྱིས་སྨན་བཅོས་བཅོས་བསྒྱུར་དང་དམངས་ཡོངས་ལུས་སྦྱོང་ཐད་ནས་གྲོས་གཞི་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། སྨན་བཅོས་འཕྲོད་བསྟེན་དང་ལུས་རྩལ་ལུས་སྦྱོང་གཉིས་ནི་བདེ་ཐང་ཀྲུང་གོའི་འདེགས་སྐྱོར་ཀ་བ་ལྟ་བུ་ཡིན་པས། སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཞབས་ཞུའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་བྱེད་དགོས་ཟེར།

ཧུའུ་ནན་ལིག་ཡཱང་གི་ཁྱིམ་ཚང་གི་ནོར་རའི་ཁང་ཕུའུ་ཀྲུང་དང་ཧྲན་ཞི་ལེན་དབྱི་མྱུར་སྐྱེལ་གྱི་ལིས་ཕིན་ཞོན་གཉིས་ཀྱིས་གྲོས་གཞི་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། རིགས་གསར་བའི་ཞིང་ལས་བདག་གཉེར་གཙོ་གཞི་སྐྱེད་སྲིང་བྱེད་པ་དང་། མྱུར་སྐྱེལ་སོགས་ཐོན་ལས་གསར་བ་དང་ལས་རིགས་གསར་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། སྲིད་གཞུང་གིས་མི་དམངས་གཙོར་འཛིན་པ་དང་མི་དམངས་ཀྱི་སེམས་གཏམ་ལ་ཉན་ནས། སྤྱི་ཚོགས་ཀྱི་ཕན་ཚུན་བརྗེ་རེས་བཟང་བོ་ཁྲོད་བྱ་བར་ལེགས་བཅོས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།