ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་ཞང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་དཔར་ནས་བཀྲམ། བསམ་འཆར་ལས་བཀོད་དོན། ཞང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། དུས་རབས་གསར་བར་ཞིང་གསུམ་བྱ་བའི་ཕྱོགས་གཙོ་བོ་ཡང་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་ནན་ཏན་སྒོས་སྐུལ་འདེད་བཏང་སྟེ། ཞིང་སྡེའི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་རྣམ་པ་གསར་བ་ཁྱོན་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་རྟེན་གལ་ཆེན་འདོན་སྤྲོད་བྱས།

བསམ་འཆར་ལས་ནན་གྱིས་བཀོད་དོན། ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས་ཀྱི་གནད་དོན་དེ་རྒྱལ་ཁབ་ཀྱི་ཇུས་གཞི་དང་མང་ཚོགས་ཀྱི་འཚོ་བར་འབྲེལ་བ་ཡོད་པའི་གཞི་རྩའི་རང་བཞིན་གྱི་གནད་དོན་ཡིན། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མེད་ན། རྒྱལ་ཁབ་ཀྱི་དེང་རབས་ཅན་ཡང་མེད་པས། ཞང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་ཐག་གཅོད་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པར་མ་ཟད། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་སྒྱུར་བ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རེ་བའང་ཡིན།

བསམ་འཆར་ལས་ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། ཆོད་སེམས་སྔར་ལས་ཆེན་པོ་དང་། དམིགས་འབེན་སྔར་ལས་གསལ་བོ། བྱེད་ཐབས་སྔར་ལས་ནུས་ཤུགས་ལྡན་པ་བཅས་ལ་བརྟེན་ནས། ཞིང་ལས་ཁྱོན་ཡོངས་ནས་རིམ་སྤར་བྱེད་པ་དང་། ཞིང་སྡེ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་བྱེད་པ། ཞིང་བ་ཁྱོན་ཡོངས་ནས་གོང་འཕེལ་དུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་བར་ཞང་སྡེ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བའི་ལོ་རྒྱུས་གསར་བ་སྐྲུན་དགོས་པའི་རེ་བ་བཏོན།

2020ལོའི་བར་དུ། ཞང་སྡེ་དར་རྒྱས་སུ་གཏོང་བའི་ལས་དོན་ཐད་ནས་གྲུབ་འབྲས་གལ་ཆེན་ལེན་པ་དང་། ལམ་ལུགས་སྤྱི་ཁོག་དང་སྲིད་ཇུས་མ་ལག་ཕལ་ཆེར་ཆགས་པར་བྱེད་དགོས། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་འཇགས་སྒོས་ཇེ་ཆེར་གཏོང་བ་དང་། ཞིང་ལས་འདོན་སྤྲོད་མ་ལག་གི་སྤུས་ཚད་མངོན་གསལ་སྒོས་མཐོར་འདེགས་སུ་གཏོང་བ། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས། ཞིང་བས་ཡོང་སྒོ་བཙལ་བའི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་པ་དང་། མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་བར་གྱི་ཁྱད་པར་མུ་མཐུད་དུ་ཇེ་ཉུང་དུ་གཏོང་དགོས། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་བྱེད་པ་དང་། དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ། ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་དགོས། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཟང་བོ་བྱས་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་མངོན་གསལ་སྒོས་ལེགས་སྒྱུར་བྱེད་པ་དང་། མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། མཁར་གྲོང་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་བའི་སྒྲིག་གཞི་ལམ་ལུགས་ཐོག་མར་འཛུགས་དགོས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་སྒྱུར་བྱེད་པ་དང་། ཞིང་སྡེའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་བསྣན་ཏེ། ཞང་སྡེའི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཏང་གི་ཞིང་སྡེའི་བྱ་བའི་འགོ་ཁྲིད་སྒྲིག་གཞི་དང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞང་སྡེ་དར་རྒྱས་སུ་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

2035ལོའི་བར་དུ། ཞང་སྡེ་དར་རྒྱས་སུ་གཏོང་བའི་ལས་དོན་ཐད་ནས་ཐག་ཆོད་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ལེན་པ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་སྒྱུར་བ་ཕལ་ཆེར་མངོན་འགྱུར་བྱེད་ཐུབ།

2050ལོའི་བར་དུ་ཞང་སྡེ་ཁྱོན་ཡོངས་ནས་དར་རྒྱས་སུ་བཏང་སྟེ། ཞིང་ལས་སྟོབས་ལྡན་དང་ཞིང་སྡེ་མཛེས་སྡུག། ཞིང་བ་ཕྱུག་སྒྱུར་བཅས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་ཐུབ།

བསམ་འཆར་ལས་ད་རུང་དུས་རབས་གསར་བར་ཞང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ཁྱོན་ཡོངས་ནས་རྒྱས་བཤད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།