ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འཚམས་འདྲི་ཚོགས་པས་མཚོ་སྔོན་ལ་དྲོད་སྐྱིད་བསྐྱལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཉེ་ལམ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཡི་མི་སྣ་ཅང་ཀོང་ཕིང་གིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འཚམས་འདྲི་ཚོགས་པ་ཁྲིད་དེ་མཚོ་སྔོན་ལ་དྲོད་སྐྱིད་སྐྱེལ་བའི་བྱ་བ་བསྒྲུབས། འཚམས་འདྲི་ཚོགས་པས་སྔ་གཞུག་ཏུ་ཀྲུང་གོ་ཧ་ཡང་བཟོ་ལས་མཚོ་སྔོན་ཡན་ལག་ཀུང་ཟི་དང་། ཧུའུ་ཀྲུའུ་ཅིན་ཡོན་ཨར་འདམ་ཚད་ཡོད་ཀུང་ཟི། ཕིན་ཨན་སྤྱིའི་བཟོ་ཚོགས་བཅས་ཀྱི་དཀའ་ཁག་ལས་བཟོ་བའི་རོགས་སྐྱོར་ལྟེ་གནས་སུ་བཟོ་ཚོགས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། དཀའ་ཁག་ཅན་གྱི་ལས་བཟོ་བ་དང་ངལ་རྩོལ་དཔེ་ལེགས་ཅན་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོར་ཏང་དང་སྲིད་གཞུང་དང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱི་སེམས་ཁུར་དང་འཚམས་འདྲི་བསྐྱལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཉམ་དུ་རྟོག་ཞིབ་དང་འཚམས་འདྲིར་སོང་།

ཅང་ཀོང་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བཟོ་ཚོགས་བྱ་བ་དང་མཚོ་སྔོན་བཟོ་ཚོགས་ཀྱིས་དོན་དངོས་དང་སྦྲེལ་ཏེ་གསར་གཏོད་རང་བཞིན་གྱིས་བྱ་བ་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཅང་ཀོང་ཕིང་གིས་བཤད་རྒྱུར། མཚོ་སྔོན་གྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། དཀའ་ཁག་ཅན་གྱི་ལས་བཟོ་བའི་ཁྱིམ་ཚང་དཀའ་ཁག་ལས་ཐར་བར་བྱེད་པའི་ལས་འགན་ལ་དམ་པོར་དམིགས་ནས། དཀའ་ཁག་ཅན་གྱི་ལས་བཟོ་བའི་རོགས་སྐྱོར་ལྟེ་གནས་ཀྱི་སྤྱི་ཚོགས་ཅན་གྱི་ནུས་པ་ཇེ་ཆེར་གཏོང་བར་ཤུགས་སྣོན་པ་དང་། དཀའ་ཁག་ཅན་གྱི་ལས་བཟོ་བ་དང་སྤྱི་ཚོགས་རྒུད་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱུན་ལྡན་གྱི་དྲོད་སྐྱིད་སྐྱེལ་བའི་བྱ་འགུལ་བཟང་བོར་སྤེལ་བ། སྤྱི་ཚོགས་འགན་སྲུང་བྱ་བ་ལེགས་སྒྲུབ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་ལས་བཟོ་བར་ཏང་དང་སྲིད་གཞུང་དང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱི་དྲོད་སྐྱིད་མྱོང་དུ་འཇུག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།