ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཞིང་སྡེའི་མི་སྡོད་ཁོར་ཡུག་ལོ་གསུམ་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་ཇུས་གཞི»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཞིང་སྡེའི་མི་སྡོད་ཁོར་ཡུག་ལོ་གསུམ་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་ཇུས་གཞི»འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

«ཇུས་གཞིའི»ནང་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱེད་པ་དང་སྡེ་བའི་ཁོར་ཡུག་དག་གཙང་དང་གོ་རིམ་ལྡན་པར་བསྒྱུར་དགོས་ཟེར།

«ཇུས་གཞིའི»ནང་ད་དུང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ལས་འགན་གཙོ་བོ་དང་སྡེ་དམངས་ཀྱིས་གཙོ་གཞིའི་ནུས་པ་འདོན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་པ་ཇེ་ཆེར་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ། བྱེད་ཐབས་འགན་སྲུང་སོགས་ཕྱོགས་ཀྱི་བྱ་བའི་ཐད་ལ་བསམ་འཆར་དང་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།