ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་མཉམ་དུ་ལུགས་རྙིང་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་བསྡུས། 

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强同在华外国专家举行新春座谈会.jpg

ཟླ་གཉིས་པའི་ཚེས་ལྔ་ཉིན། ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

ལིས་ཁི་ཆང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ། ཀྲུང་གོར་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཚང་མར་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས། ཁོང་གིས་ནོ་པེ་ཨར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ཧྥེ་ཨར་ཕུའུ་སི་དང་འཇར་མན་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཧྥའོ་ལེ་ཧྲེ། ཀྲུང་གོ་ཚན་རིག་གླིང་གི་ཕྱི་རྒྱལ་གྱི་ཡོན་ཧྲི་ཧོ་ཕུའུ་ཁི་ལོ་ཧྥུའུ་ཐི་བཅས་ཀྱི་གཏམ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད། ཁོ་ཚོ་དང་བརྗེ་རེས་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག ན་ནིང་ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་བརྒྱ་ཆའི་དྲུག་དང་གྲངས་ཆུང་དགུར་འཕར་སྣོན་བྱུང་སྟེ། བསྟུད་མར་ལོ་བདུན་གྱི་རིང་ལ་ཐོག་མར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་འཇོག་ཚད་བརྒྱ་ཆའི་སུམ་ཅུ་ལས་བརྒལ། གོ་རིམ་རྗེས་མར་ང་ཚོས་མུ་མཐུད་དུ་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་རྒྱུ་མ་ཟད། དེ་དང་མཉམ་དུ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་བཟང་བོ་འཇལ་དགོས།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འགོར་བའི་ལོ་ཡིན་པས། ང་ཚོས་གོ་སྐབས་དེ་དང་བསྟུན་ནས། མུ་མཐུད་དུ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་དེ། ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་བ་མྱུར་དུ་ཆགས་པར་བྱེད་པ་དང་། ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཉིན་རེ་བཞིན་རྒྱ་བསྐྱེད་དུ་སོང་བ་དང་བསྟུན་ནས། ང་ཚོས་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྲིད་ཇུས་སྔར་ལས་བཟང་བོ་ལག་བསྟར་བྱས་ནས། རྒྱལ་ཁབ་སོ་སོའི་གྲོགས་པོས་ཀྲུང་གོར་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བར་མུ་མཐུད་དུ་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་པ་དང་། སྤུས་ལེགས་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་རྒྱུ་ཡིན། ཕྱི་རྒྱལ་གྱི་ཆེད་མཁས་རྣམ་པས་ཀྲུང་གོའི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་ལ་བློ་འདོན་ཇུས་འབུལ་བྱེད་པ་དང་། ཀྲུང་གོའི་གསར་གཏོད་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར། གྲུབ་ཚུལ་ལེགས་སྒྲིག་བྱེད་པ་བཅས་ཀྱི་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་གསར་གཏོད་དང་ལོངས་སྤྱོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

མཱ་ཁེ་དང་དབྱང་ཅེ་ཁྲི། དབྱང་ཅིན། ཝན་ཀང་བཅས་གོང་གི་བྱ་འགུལ་ཁྲོད་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།