ཀྲུང་གོ་བོད་ཀྱི་དྲ་བ།

ཀའོ་ཧྲིན་ཁུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་ཁྲིམས་ཁང་བྱ་བར་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀའོ་ཧྲིན་ཁུན་གྱིས་ཚེས་ལྔ་ཉིན་རྒྱལ་ཡོངས་ཁྲིམས་ཁང་བྱ་བའི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་ནན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་བྱ་བའི་ཡར་ཞུ་ལ་ཉན་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གི་མཐའ་གཅིག་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་སེམས་སུ་འཛིན་པ། དྲང་གཞག་སྒོས་ཁྲིམས་འཛིན་པ་བཅས་བྱེད་དགོས་པར་མ་ཟད། དུས་རབས་གསར་བའི་མི་དམངས་ཁྲིམས་ཁང་གི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཀའོ་ཧྲིན་ཁུན་གྱིས་བཤད་རྒྱུར། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ངོ་བོའི་ཁྱད་ཆོས་དང་ཁྱད་སྟོབས་ཆེས་ཆེན་པོ་ཡིན་པས། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱད་པ་དང་། ཏང་གི་མཐའ་གཅིག་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཏང་ཀྲུང་དབྱང་གི་རྩ་ཁྲིམས་ཀྱི་ནང་དོན་ཁག་ཅིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཇུས་ཆོད་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། རྩ་ཁྲིམས་ལ་གོང་བཀུར་བྱེད་པ། རྩ་ཁྲིམས་བརྩི་སྲུང་བྱེད་པ། རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། རྩ་ཁྲིམས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།

ཀྲིག་ཆང་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།