ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལོས་ཐི་ནོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལོས་ཐི་ནོ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་ས་གནས་ཀྱི་ཞི་བདེ་སྲུང་སྐྱོབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཕྱོགས་སུ་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཧིན་རྡུ་ཉི་ཞི་ཡའི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བཟང་བོ་བྱེད་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་ལོན་པ་གོ་སྐབས་སུ་བཟུང་སྟེ་ཧིན་རྡུ་ཉི་ཞི་ཡ་དང་བཅས་པའི་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་གྱི་གྲོགས་པོ་ཚང་མ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ས་གནས་རང་གི་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ལོས་ཐི་ནོ་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཧུར་ཐག་སྒོས་ཧིན་རྡུ་ཉི་ཞི་ཡའི་བྱང་གསུམ་ཕྱོགས་བསྡུས་དཔལ་འབྱོར་ཁྱམས་རའི་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།