སྐབས་ཉེར་གསུམ་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཧན་གོའི་ཕིང་ཁྲང་ནས་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་ཧྲན་ཀྲིན་འགོ་རྩོམ་པའི་མཛད་སྒོར་ཞུགས།

983d1c18f10789fd06523161badc9e51.jpg

ཟླ་གཉིས་པའི་ཚེས་དགུ་ཉིན། སྐབས་ཉེར་གསུམ་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཧན་གོའི་ཕིང་ཁྲང་ནས་འགོ་བརྩམས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་གདན་དྲངས་པ་ལྟར་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་དགུ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ཐོག སྐབས་ཉེར་གསུམ་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཧན་གོའི་ཕིང་ཁྲང་ནས་འགོ་བརྩམས། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་གདན་དྲངས་པ་ལྟར་འགོ་རྩོམ་པའི་མཛད་སྒོར་ཞུགས།

དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ་ཕིང་ཁྲང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པ་དང་། རྒྱལ་ཁབ་དང་ས་ཁུལ་གོ་གཉིས་ཀྱི་འཐུས་ཚབ་ཚོགས་པ་རིམ་པ་ལྟར་ཕིང་ཁྲང་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ར་བར་ཐོན། ཀྲུང་གོས་ཐེངས་འདིར་མི་གྱ་གཅིག་ལས་གྲུབ་པའི་འཐུས་ཚབ་ཚོགས་པ་མངགས་ཏེ། ལུས་རྩལ་པ་གྱ་གཉིས་འགྲན་སྡུར་གྱི་རིགས་ཆེན་པོ་ལྔ་དང་རིགས་ཆུང་བ་ང་ལྔའི་ཁྲོད་ཞུགས་རྒྱུ་རེད།

རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་འགྲན་སྡུར་གྱི་འགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། པ་ཧི་ཡིས་ཧན་གོས་སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབས་པར་བཀའ་དྲིན་ཞུས་པར་མ་ཟད། སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་མཐུན་སྒྲིལ་དང་བཟོད་སྒོམ། འཆམ་མཐུན། ཞི་བདེ་བཅས་ཀྱི་ཚོགས་ཆེན་གཟབ་རྒྱས་ཤིག་ཏུ་སྒྱུར་བར་ཡིད་ཆེས་ཡོད་ཟེར།

དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཞེ་གཉིས་སྟེང་ཧན་གོའི་ཙུང་ཐུང་ཝིན་ཙེ་དབྱིན་གྱིས་སྐབས་ཉེར་གསུམ་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་བྱས།

ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་པའི་མཛད་སྒོ་མ་བསྡུས་གོང་། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་བཟའ་ཟླ་གཉིས་ཀྱིས་རྒྱལ་ཁབ་དང་ས་ཁུལ་སོ་སོའི་འགོ་ཁྲིད་པ་སོགས་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས། ཧྲན་ཀྲིན་སྣེ་ལེན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།