ཝང་དབྱང་དམངས་གཉེར་ཁེ་ལས་པས་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་པེ་ཅིན་ནས་ཚོགས་པའི་དམངས་གཉེར་ཁེ་ལས་པས་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་སར་གྱི་འཚམས་འདྲི་གནང་བ་མཚོན་པར་བྱས་པར་མ་ཟད། མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་པའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་བསྟན་དོན། བློ་ཐག་རྦད་ཆོད་སྒོས་ཉེན་ཁ་ཚབས་ཆེན་འགོག་སྲུང་དང་ཞི་འཇགས་སུ་གཏོང་བ་དང་གནད་ཕིགས་དབུལ་སྐྱོར། བཙོག་བཟོ་འགོག་བཅོས་བཅས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་ལ་ཕབ་པའི་བཀོད་སྒྲིག་གལ་ཆེན་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་རེ་བ་ཡིན་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པས། དམངས་གཉེར་ཁེ་ལས་ཀྱིས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤོབས་པ་ཆེན་པོས་སྤྱི་ཚོགས་འགན་འཁྲི་དང་ལེན་བྱེད་པ་དང་དེང་སྐབས་དང་ཡུན་རིང་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཧུར་ཐག་སྒོས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱེད་པར་དམངས་གཉེར་ཁེ་ལས་ཀྱིས་བློ་གྲོས་དང་སྟོབས་ཤུགས་འདོནདགོས་ཟེར།

ཝང་དབྱང་གིས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཡིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་སྲིད་ཇུས་ཀྱི་སྔོན་དཔག་དུས་སྐབས་བརྟན་འཇགས་སུ་གཏོང་དགོས་པར་མ་ཟད། ཁྲིམས་ལྟར་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ནས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཆ་རྐྱེན་བཟང་བོ་སྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། དམངས་གཉེར་ཁེ་ལས་ཀྱི་འཐུས་མི་ཁ་ཤས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་པར་མ་ཟད། མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།