ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་དེ་རྒྱལ་ཁབ་བཅུའི་ཡིག་རིགས་སུ་བསྒྱུར་ནས་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཕུལ་བའི་སྙན་ཞུ་སྟེ«འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁབ་ལེན་དགོས»ཞེས་པ་དབྱིན་ཇུ་དང་ཧྥ་རན་སི། སི་ཕན། འཇར་མན། འཇར་པན། ཨུ་རུ་སི། སོ་ཏི་ཨ་རབ། ཕུ་ཐོ་ཡ། ཡོ་ནན། ལའོ་ཝའོ་བཅས་རྒྱལ་ཁབ་བཅུའི་ཡིག་རིགས་སུ་བསྒྱུར་བའི་དེབ་རྐྱང་མ་དེ་ཕྱི་ཡིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་ཚེས་བཅུ་གཅིག་ཉིན་ནས་བཟུང་ཕྱི་རྒྱལ་དུ་བཀྲམ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།