ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་གསར་སྐྱེལ་འདྲེན་གྱི་ཐོག་མའི་ཉིན10ལ་རྒྱལ་ཡོངས་སུ་འགྲུལ་པ་སྐྱེལ་འདྲེན་མི་ཐེངས་དུང་ཕྱུར7.32བྱས་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201802121222508726701151.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ2ཚེས10ཉིན་བར་དུ། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཐོག་མའི་ཉིན10(ཟླ2ཚེས1ཉིན་ནས་ཚེས10ཉིན་བར)རིང་ལ། རྒྱལ་ཡོངས་ཀྱི་ལྕགས་ལམ་དང་གཞུང་ལམ། ཆུ་ཐོག་འགྲུལ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ནས་ཁྱོན་བསྡོམས་འགྲུལ་པ་མི་ཐེངས་དུང་ཕྱུར7.32སྐྱེལ་འདྲེན་བྱས་ཤིང་། ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན3.31%ཆག་པ་རེད། དེའི་ཁྲོད་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་མི་ཐེངས་ཁྲི8928.5བྱས་ཤིང་། 0.45%འཕར་བ་དང་། གཞུང་ལམ་ནས་འགྲུལ་པ་སྐྱེལ་འདྲེན་མི་ཐེངས་དུང་ཕྱུར6.18བྱས་ཤིང་། 4.11%ཆག་པ། ཆུ་ཐོག་འགྲུལ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་མི་ཐེངས་ཁྲི891.0བྱས་ཤིང་། 4.33%ཆག་པ། དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་མི་ཐེངས་ཁྲི1601.91བྱས་ཤིང་། 9.78%འཕར་བ་བཅས་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་པ་ཕར་ཚུར་འགྲོ་ཚུལ་སྤྱིའི་ཆ་ནས་ཆག་པའི་གནས་ཚུལ་མངོན་པ་དང་། བརྟག་དཔྱད་བྱས་རྗེས་རྒྱུ་རྐྱེན་གཙོ་བོ་གཤམ་གསལ་ཕྱོགས་འགའ་ཞིག་ཡོད་དེ། གཅིག་ནི་ད་ལོའི་དཔྱིད་གསར་དུས་ཆེན་ནི་ལོ་སྔོན་མ་དང་བསྡུར་ན་ཅུང་ཕྱི་བ་ཡིན་པ་དང་། སློབ་གྲྭ་ཆེ་བ་དང་ཆེད་སྦྱོང་སློབ་གྲྭ་ཁག་གིས་ཟླ་བ་དང་པོར་གུང་གསེང་བཏང་ཡོད་སྟབས། དཔྱིད་གསར་སྐྱེལ་འདྲེན་གོང་དུ་སློབ་མ་རྣམས་གཞི་རྩའི་ཆ་ནས་ཕ་ཡུལ་དུ་ལོག་ཚར་བ་དང་། གཉིས་ནི་ངལ་རྩོལ་མང་འདུས་ཅན་གྱི་ཁེ་ལས་ཁ་ཤས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་གོང་སྔོན་ཚུད་ནས་ལས་མཚམས་བཞག་ཏེ་གུང་གསེང་བཏང་ཡོད་པས། ལས་མི་ཕ་ཡུལ་དུ་ལོག་པའི་སྐྱེལ་འདྲེན་གནོན་ཤུགས་སྔོན་ཚུད་ནས་བྱུང་ཟིན་པ། གསུམ་ནི་རང་འཁོར་རང་གཏོང་གིས་ཕྱིར་སྐྱོད་པའི་བསྡུར་ཚད་ལོ་རེ་བཞིན་མང་དུ་སོང་བ་བཅས་རེད། ཀའོ་ཏེ་ཕྱིར་སྐྱོད་གཞི་གྲངས་ཆེན་མོ་ནས་དབྱེ་ཞིབ་བྱས་པ་ལྟར་ན། དཔྱིད་གསར་སྐྱེལ་འདྲེན་སྐབས་གྲོང་ཁྱེར་བརྒལ་ནས་ཕྱིར་སྐྱོད་འགྲུལ་པའི་ཁྲོད་དུ་རང་འཁོར་རང་གཏོང་བྱེད་མཁན་གྱིས་བསྡུར་ཚད20%ཡན་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།