ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་སྟེ་འགྲུལ་བ་དང་གནམ་གྲུའི་ནང་གི་ལས་བྱེད་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་གོ་བས། བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་འདས་པོའི་ཁྱིམ་མི་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་སྙིང་ཉེ་བའི་འཚམས་འདྲི་ཞུ་བ་ཡིན་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་དོན་རྐྱེན་དེའི་ཐད་ནས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་། །
  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།