ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་བསུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་པོར་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་བསུ་བའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཕྱི་རྒྱལ་གྱི་འགོ་གཙོ་དང་མཛའ་མཐུན་མི་སྣ། ཕྱི་སྡོད་རང་མི་བཅས་ལས་རིགས་ཁག་གི་མི་སྣ་དང་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་ལུགས་རྙིང་ལོ་སར་བསུས།

ཨུ་རུ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་ཆེད་དུ་ཨུ་རུ་སིའི་ཚན་རྩལ་དང་སློབ་གསོ། རིག་གནས་བཅས་ཕྱོགས་ཀྱི་རྒྱ་ཡིག་མཁས་པ་རྣམས་གདན་དྲངས། ཚོགས་འདུར་ཞུགས་པའི་སྐུ་མགྲོན་རྣམས་ཀྱིས་བཤད་རྒྱུར། ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་ཀྲུང་གོའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཕན་འབྲས་ཉམས་མྱོང་དེས་འཛམ་གླིང་གི་རྒྱལ་ཁབ་སྔར་ལས་མང་པོར་ཕན་ཐོགས་པར་རེ་སྒུག་བྱས་ཡོད་ཟེར།

ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁབ་དང་ས་གནས་སོ་སོར་ཡོད་པའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་སྔར་ལས་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཕན་ཚུན་བར་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཡུན་རིང་དང་བརྟན་འཇགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྨོན་འདུན་ཞུས།

དབྱིན་ཇི་དང་ཧྥ་རན་སི། ཐེ་གོ ལེ་པ་ནོན། ཕེ་རུ་བཅས་རྒྱལ་ཁབ་ལ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ལུགས་རྙིང་ལོ་སར་བསུ་བའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ། ས་དེའི་ལས་རིགས་ཁག་གི་མི་སྣ་དང་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།