ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་འབེན་དཔྱད་ཞིབ་བྱེད་ཐབས»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་འབེན་དཔྱད་ཞིབ་བྱེད་ཐབས»དཔར་ནས་བཀྲམ་པ་དང་། འགྲེམ་སྤེལ་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

«བྱེད་ཐབས»ལས་ནན་གྱིས་བསྟན་དོན། རྨོ་ཞིང་སྲུང་སྐྱོབ་བྱེད་པའི་ཚད་མཐའ་དམ་པོར་འཛིན་པ་དང་། ཡུན་རིང་གི་གཞི་རྩའི་ཞིང་སར་སྲུང་སྐྱོབ་ནན་མོ་བྱས་ཏེ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་འབེན་དཔྱད་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཟེར།

«བྱེད་ཐབས»ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་འབེན་ལག་བསྟར་བྱེད་པའི་གནས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་ལ། རྒྱལ་ཁོངས་ཐོན་ཁུངས་པུའུ་ཡིས་ཞིང་ལས་པུའུ་དང་རྒྱལ་ཁབ་སྡོམ་རྩིས་ཅུའུ་དང་མཉམ་དུ་ཞིབ་བཤེར་བྱ་བར་དཔྱད་ཞིབ་བྱེད་པའི་འགན་འཁུར་དགོས་པ་གཏན་ལ་ཕབ།

«བྱེད་ཐབས»ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱད་ཞིབ་བྱས་པའི་མཇུག་འབྲས་ལྟར། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོབ་འགན་འཁྲི་ལག་བསྟན་ནན་མོ་བྱས་པ་དང་། དེའི་ཐད་ནས་གྲུབ་འབྲས་འབུར་ཐོན་བླངས་པའི་ཞིང་ཆེན་ལ་གཟེངས་བསྟོད་བྱེད་རྒྱུ་ཡིན་ལ། དཔྱད་ཞིབ་བྱེད་པའི་ཁྲོད་རྩད་ཆོད་པའི་གནད་དོན་མང་པོ་ཡོད་པའི་ཞིང་ཆེན་ལ་དག་ཐེར་ཡོ་བསྲང་བྱེད་ཐབས་གཏན་འཁེལ་བྱས་ནས། དུས་བཅད་ལྟར་དག་ཐེར་ཡོ་བསྲང་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།