ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་བཅས་ཀྱིས་དབུལ་ཕོངས་ཁྱིམ་ཚང་འབུམ་གསུམ་ལ་བརྙན་འཕྲིན་འཕྲུལ་ཆས་ཞལ་འདེབས་སུ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་གྱི་སྔོན་ཏག་ཏག་ལ། བརྙན་འཕྲིན་འཕྲུལ་ཆས་མེད་པའི་དབུལ་ཕོངས་ཁྱིམ་ཚང་འབུམ་གསུམ་ལ་སྔ་གཞུག་ཏུ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་བཅས་ཀྱིས་ཞལ་འདེབས་སུ་ཕུལ་བའི་བརྙན་འཕྲིན་འཕྲུལ་ཆས་འབྱོར། ཐེངས་འདིར་གསར་བརྗེའི་གནས་རྙིང་ས་ཁུལ་དང་དབུལ་ནག་ས་ཁུལ་གྱི་ཆེས་དབུལ་ཕོངས་ཁྱིམ་ཚང་གཙོ་བོར་བཟུང་སྟེ་བརྙན་འཕྲིན་འཕྲུལ་ཆས་ཞལ་འདེབས་སུ་འབུལ་བའི་བྱ་འགུལ་སྤེལ། བྱ་འགུལ་དེས་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་ཉེར་གཉིས་ཀྱི་དབུལ་ཕོངས་རྫོང་བདུན་བརྒྱ་ལྷག་ལ་ཁྱབ་ཡོད།

ས་གནས་སོ་སོས་རྒྱལ་ཡོངས་ཀྱི་ཡིག་ཚགས་བཀོད་པ་དང་ཐོ་འགོད་བྱས་པའི་དབུལ་ཕོངས་ཁྱིམ་ཚང་གིས་བརྙན་འཕྲིན་ལ་ལྟ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་རྗེས་མཇུག་མཐར་དབུལ་ཕོངས་ཁྱིམ་ཚང་འབུམ་གསུམ་ལ་བརྙན་འཕྲིན་འཕྲུལ་ཆས་ཞལ་འདེབས་སུ་འབུལ་རྒྱུ་གཏན་འཁེལ་བྱས། དེ་དང་མཉམ་དུ་ས་གནས་སོ་སོས་ད་རུང་དབུལ་ཕོངས་ཁྱིམ་ཚང་ལ་འཁོར་སྐར་བསྡུ་ལེན་སྒྲིག་ཆས་རིན་མི་ལེན་པར་སྒྲིག་སྦྱོར་བྱས་པ་དང་། བརྙན་འཕྲིན་ལྟ་བའི་འགྲོ་གྲོན་ཇེ་ཉུང་དུ་བཏང་སྟེ། དབུལ་ཕོངས་ཁྱིམ་ཚང་གིས་བརྙན་འཕྲིན་ལེ་ཚན་ཕུན་སུམ་ཚོགས་པར་ལྟ་ཐུབ་པར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།