ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ་མཱ་ཕེས་ཧྭ་ཀྲི་ལིའི་ཙུང་ཐུང་གི་དབང་ཆ་སྤྲོད་ལེན་བྱེད་པའི་མཛད་སྒོར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀུན་ཧྲོང་གིས་ཚེས་དགུ་ཉིན་པེ་ཅིན་ནས་ཁྱབ་སྒྲོག་བྱས་པ་ལྟར་ན། ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཆེ་ཐི་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉའམ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་ཀྲི་ལིར་ཕེབས་ཏེ་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཀྲི་ལིའི་རྒྱལ་ས་སན་ཐེ་ཨ་ཀོ་ནས་བསྡུ་རྒྱུ་ཡིན་པའི་ཀྲི་ལིའི་ཙུང་ཐུང་གི་དབང་ཆ་སྤྲོད་ལེན་བྱེད་པའི་མཛད་སྒོར་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།