ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

cf2e1bf2f81b9759bcccbfcba7e3b640.jpg

ཟླ་གསུམ་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཨུ་ཡོན་བཅུ་བཞིས་ཆབ་སྲིད་དང་སྤྱི་ཚོགས། རིག་གནས་འཛུགས་སྐྲུན་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་བྱ་བ་བཅས་ལ་དམིགས་ཏེ་ཚོགས་ཆེན་སྟེང་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་དབྱང་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ལུའུ་ཀྲན་ཀུང་དང་མཱ་པེའོ། ཁྲིན་ཞའོ་ཀོང་བཅས་རེད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧི་ཧུ་ཧྭ། ཝང་ཀྲིན་ཝེ། ལེང་ཀྲིན་དབྱིན་བཅས་གྲོས་ཚོགས་སུ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོལ་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་ལ་ཉན།

ཁྲིན་ཞའོ་ཀོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཨུ་ཡོན་བཅུ་བཞིས་ཆབ་སྲིད་དང་སྤྱི་ཚོགས། རིག་གནས་འཛུགས་སྐྲུན་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་བྱ་བ་བཅས་ལ་དམིགས་ཏེ་རིམ་པ་བཞིན་དུ་ཚོགས་ཆེན་སྟེང་གཏམ་བཤད།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།