ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d8d3537a454572df0174e3d7b023a127.jpg

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང། 

50eb2d9753148eac68fa1479c5c92827.jpg

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས། པར་འདི་ནི་གྲོས་ཚོགས་ཀྱི་སྔོན་ལ་ཞི་ཅིན་ཕིང་གིས་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་དང་བརྩེ་བའི་ཕྱག་འཇུ་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་སྐབས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་ནི་གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་གདམ་གསེས་ཡིན་ལ། ཏང་གི་དུས་རབས་གསར་བའི་དམག་སྐྱེད་དམིགས་འབེན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་གདམ་གསེས་ཀྱང་ཡིན་པས། འཐབ་ཇུས་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན་པ། དམག་དཔུང་དང་ས་གནས་མཉམ་དུ་གོང་འཕེལ་དུ་གཏོང་བར་ཤུགས་སྣོན་པ། ལས་འགན་དངོས་འབེབ་བྱེད་པར་ཤུགས་སྣོན་པ་བཅས་བྱས་ཏེ། དུས་རབས་གསར་བའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་སྒོས་གསར་གཏོད་བྱེད་པ་དང་། ཀྲུང་གོའི་ཕུགས་འདུན་དང་དམག་སྐྱེད་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ལྡན་སྒུལ་ཤུགས་དང་འཐབ་ཇུས་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

གྲོས་ཚོགས་སྟེང་། ལིས་ཧོ་ཧོས་དང་ཀའོ་ཕུའུ་ཞའོ། ཀྲང་ཞའོ་ཡུས། ལིས་བེ། ཀྲུའུ་ཁྲིན། ཝང་ཉིང་སོགས་འཐུས་མིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ། མཁའ་འགྲུལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ། སྲིད་ཇུས་དང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་བཅས་སྒྱུར་བྱ་བ་བཟང་བོར་སྒྲུབ་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།

འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། དུས་རབས་གསར་བའི་ཏང་གི་དམག་སྐྱེད་བསམ་བློར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ། ཏང་གི་དུས་རབས་གསར་བའི་དམག་སྐྱེད་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲྭ་རུ་འཛུགས་སྐྲུན་བྱེད་པར་དམིགས་ནས། དམག་སྦྱོང་དང་དམག་འཁྲུག་ལ་གྲ་སྒྲིག་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམག་སྐྱེད་ལས་དོན་ལ་འཕེལ་རྒྱས་གསར་བ་བྱུང་ཡོད་ཟེར།

ཞི་ཅིན་ཕིང་གིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ལ་རེ་བ་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པ་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ལས་དོན་ཡིན་པས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་བཅས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། དམག་ཡོངས་ཀྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་སྒོས་རོགས་སྐྱོར་བྱེད་དགོས། དམག་དཔུང་དང་ས་གནས་གཉིས་ཀྱིས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བྱས་ནས། དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

གྲོས་ཚོགས་ཀྱི་སྔོན་ལ་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་དུ་པར་བླངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིད་ཞ་དང་། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བེས་ཧྥིན་ཧི་དང་ལིས་ཙོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་སུ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།