ལི་ཁི་ཆང་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

1122527149_15208650909041n.jpg

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ཁོང་གིས་བསྟན་དོན། འདས་པའི་ལོ་ལྔའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གྲུབ་འབྲས་མངོན་བླངས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཟེར། ལི་ཁི་ཆང་གིས་ཧུའུ་ནན་ཞིང་ཆེན་གྱིས་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པར་དམ་པོར་དམིགས་པ་དང་བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། ཕན་ནུས་ཡོད་པའི་གསར་སྐྲུན་གསར་གཏོད་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་པ། དངོས་གཉེར་དཔལ་འབྱོར་གྱི་འཕར་སྟངས་བསྒྱུར་ནས་རིམ་པ་འཕར་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། དྲ་སྦྲེལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་བཀོལ་སྤྱོད་བྱེད་པ་དང་འགག་གཏོར་ཆེན་པོ་གསུམ་གྱི་འཐབ་འཁྲུག་བཟང་བོར་རྒྱགས་པ། སྤྱི་པའི་ཞབས་ཞུའི་དགོས་ངེས་རང་བཞིན་དང་སྤུས་ཚད་ཇེ་མཐོར་བཏང་སྟེ། དབུས་རྒྱུད་ས་ཁུལ་གྱི་སྔོན་གྲས་སུ་བསྐྱོད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།