ཧན་ཀྲིན་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

1.jpg

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཧན་ཀྲིན་གྱིས་ང་རང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པའི་ཚུལ་བསྟན། ཁོང་གིས་ནན་གྱིས་གསུངས་རྒྱུར། ཧེ་ནན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་གོ་གནས་དང་ནུས་པ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། བཅོས་སྒྱུར་སྒོ་འབྱེད་ལོ་འཁོར་བཞི་བཅུར་ལོན་པར་རྟེན་འབྲེལ་ཞུ་བ་དང་ཧེ་ནན་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་ཏེ་ལོ་འཁོར་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་བསྟུན་ནས། རྒྱལ་སྤྱིའི་གནས་སྐོར་གླིང་ཕྲན་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་སྟེ། དཔལ་འབྱོར་དར་རྒྱས་དང་སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་བཟང་བ། མི་དམངས་བདེ་སྐྱིད་བཅས་མཛེས་སྡུག་གི་ཧེ་ནན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།