ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉས་ཀྲི་ལིའི་གསར་དུ་བདམས་པའི་ཙུང་ཐུང་དང་འགན་འཁུར་མཚམས་བཞག་པའི་ཙུང་ཐུང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཕེ་ཧྭ་ཚེས་བཅུ་གཅིག་ཉིན་ཀྲི་ལི་རྒྱལ་ཚོགས་ཡོད་སའི་ཝ་ཨར་ཕ་ལེ་སོ་ནས་བསྡུས་པའི་ཀྲི་ལིའི་ཙུང་ཐུང་གི་དབང་ཆ་སྤྲོད་ལེན་བྱེད་པའི་མཛད་སྒོར་ཞུགས་པར་མ་ཟད་ཚེས་བཅུ་ཉིན་རྒྱལ་ས་ཧྲིན་ཏིས་ཡ་ཀི་ནས་ཀྲི་ལིའི་གསར་དུ་བདམས་པའི་ཙུང་ཐུང་ཕུས་ཉེ་ལ་དང་ཙུང་ཐུང་གི་འགན་འཁུར་མཚམས་བཞག་པའི་པ་ཆེ་ལེ་ཐི་གཉིས་ལ་ཐུག་འཕྲད་བྱས།

ཕུས་ཉེ་ལ་ལ་ཐུག་འཕྲད་བྱེད་སྐབས་མ་ཕེ་ཧྭ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཀྲི་ལི་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་བཟང་བོ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་ལ་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བའི་མདུན་གྲས་སུ་སྐྱོད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲི་ལི་ནི་ལ་ཏེན་མེ་གླིང་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཐོག་མར་མཉམ་ལས་བྱེད་པའི་གྲོགས་པོར་བརྩིས་ཏེ་སྔོན་ཆད་དང་འདྲ་བར་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་ལ་དམིགས་ནས་ཀྲི་ལིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མ་ཟད། ཀྲི་ལི་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་སྣོན་ཞིང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཀྲི་ལིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

པ་ཆེ་ལེ་ཐི་ལ་ཐུག་འཕྲད་བྱེད་སྐབས་མ་ཕེ་ཧྭ་ཡིས་ཁོ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས། པ་ཆེ་ལེ་ཐི་ཡིས་མ་ཕེ་ཧྭ་བརྒྱད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་པར་མ་ཟད་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དེ་ཀྲི་ལི་རྒྱལ་ཁབ་ཀྱི་སྲིད་ཇུས་སུ་གྱུར་ཡོད་པ་དང་། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་ཀྲི་ལི་དང་ཀྲུང་གོའི་མཉམ་ལས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་ཡོད་པའི་ཚུལ་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།