ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

737c25783a509be202580fcb743ecfcf.jpg


ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཞི་དང་ཝང་ཁྲིན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཨེ་ལིས་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ་བཅས་གྲོས་ཚོགས་ལ་ཞུགས།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བཅོས་སྒྱུར་ཇུས་གཞི་སྐོར་གྱི་ཆོད་དོན་འཆར་ཟིན་དེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བརྡས་ཐག་གཅོད་རྒྱུ་ཐག་བཅད།

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོ་དང་བསྐོ་འཇོག་བྱེད་ཐབས་འཆར་ཟིན་ལ་ནན་ཏན་སྒོས་གྲོས་ཞིབ་བྱས་པར་མ་ཟད་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བརྡས་ཐག་གཅོད་པར་མཐའ་གཅིག་ཏུ་འཐད་པ་བྱུང་།

གྲོས་ཚོགས་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་བྱེད་ཐབས་འཆར་ཟིན་དེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བརྡས་ཐག་གཅོད་རྒྱུ་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་ཚོགས་ཆེན་གྱི་དྲུང་ཡུག་ཆེན་མོ་གཞོན་པ་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་ལ་ཉན།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་གདམ་མིའི་མིང་ཐོ་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་བསྡུར་དང་གྲོས་མོལ་བྱས། འཐུས་མི་རྣམས་ཀྱིས་གདམ་མི་བདམས་པར་དམངས་གཙོ་གང་ལེགས་སྒོས་དར་སྤེལ་བྱས་ཡོད་པ་དང་གདམ་མིའི་བྱང་ཚང་ཆ་རྐྱེན་དང་དམངས་སེམས་རྨང་གཞི་ཧ་ཅང་བཟང་ལ། སྒྲིག་གཞི་ལུགས་མཐུན་ཡིན་པས་གོང་བཀུར་དང་གཟེངས་བསྟོད་བྱེད་པའི་ཚུལ་བསྟན།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་གོང་གི་གདམ་མི་དེ་དག་འདེམ་སྒུག་པ་ངོ་མ་བྱས་ཏེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་འདེམ་བསྐོ་བྱེད་རྒྱུ་ཐག་བཅད།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།