ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

65ea1fe58d74fd2b12a201c562f0fa55.jpg

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བའི་དགོངས་པ་གལ་ཆེན་ལས་མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་གཏོང་བའི་ཁ་ཕྱོགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་ལ་ཚན་རིག་དང་མཐུན་པར་ལན་བཏབ་ཡོད་པ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་གཏོང་བར་ཚན་རིག་དང་མཐུན་པའི་རིགས་གཞུང་མཛུབ་སྟོན་དང་འགུལ་སྐྱོད་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད། ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དེ་བརྒྱུད་སྒྲོག་བྱས་པ་དང་། ཚོགས་འདུའི་རྣམ་པར་བརྟེན་ནས་གསོ་སྦྱོང་སྤེལ་བ་དེས་མ་འོངས་པའི་ལོ་ལྔའི་སྲིད་གྲོས་བྱ་བར་བསམ་བློའི་རྨང་གཞི་བརྟན་པོ་བཏིངས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བའི་དགོངས་པ་གལ་ཆེན་གྱི་སྲོག་ཤིང་ནུས་པ་དང་དགོངས་པའི་ངོ་བོ་གསལ་བོར་ཤེས་པར་བྱེད་པ་དང་ཧུར་ཐག་སྒོས་མི་དམངས་སྲིད་གྲོས་ཀྱི་བྱ་བའི་བསམ་ཕྱོགས་དང་དངོས་གཉེར་བྱེད་ཐབས་སུ་བསྒྱུར་ནས་མུ་མཐུད་དུ་བྱ་བའི་ཐད་ལ་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཝང་དབྱང་གིས་གསུངས་རྒྱུར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་པ་ལས་ཨུ་ཡོན་ཚང་མས་ང་ཚོར་ཡིད་ཆེས་དང་རེ་བ་བཅངས་ཡོད་པར་མ་ཟད་ཏང་དང་མི་དམངས་ལ་རེ་སྒུག་ཆེན་པོ་བྱས་ཡོད་པ་མཚོན་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཆབ་སྲིད་ཀྱི་ལངས་གནས་ཇེ་བརྟན་དུ་གཏོང་བ་དང་བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་དགོས་ལ། སློབ་སྦྱོང་ལ་ཤུགས་སྣོན་ཞིང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བདེན་འཚོལ་དངོས་གཉེར་དང་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་ལ། སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་དང་དྲང་བཞག་སྤྱོད་གཙང་བྱེད་པར་མ་ཟད་མཐུན་སྒྲིལ་དམངས་གཙོ་དང་མཉམ་ལས་མཉམ་སྒྲུབ་དེ་ཀུན་གྱི་མདུན་གྲས་སུ་སྐྱོད་དགོས་པ་དང་། སྣེ་ཁྲིད་དེ་ཡིག་ཐོག་ནས་འགན་འཁྲི་ལག་བསྟར་བྱེད་པའི་སྙན་ཞུ་སྤྲོད་པ་དང་ལོ་ཧྲིལ་བོའི་ཨུ་ཡོན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ལ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཧུར་ཐག་སྒོས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་བསྐོ་འཇོག་བྱེད་པའི་མིང་ཐོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པའི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།