ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས17ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་ནས། བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།

ཕུའུ་ཅིན་གྱིས་གློག་འཕྲིན་ནང་དུ་བསྟན་དོན།ཁྱེད་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ།ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐག་གཅོད་འདི་ཡིས་ཁྱེད་ཀྱི་བླ་མེད་སྙན་གྲགས་ལ་བདེན་དཔང་བྱས་པ་མ་ཟད།ཁྱེད་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་།རྒྱལ་སྤྱིའི་གར་སྟེགས་སྟེང་གི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་ལ་བཞག་པའི་བྱས་རྗེས་ལ་ཁས་ལེན་བྱས་པ་རེད། ཚད་ངོས་ཅན་ཞིག་ནས་བཤད་ན།ཁྱེད་ཀྱི་རང་འགུལ་ངང་སྐུལ་འདེད་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས། ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་ཉེ་བའི་ལོ་འདི་འགར་སྔར་མེད་ཀྱི་མཐོ་ཚད་ལ་སླེབས་ནས། རྒྱལ་ཁབ་ཆེན་པོའི་བར་གྱི་འདྲ་མཉམ་གཉིས་ཕན་མཉམ་ལས་ཀྱི་འཕེལ་རྒྱས་དཔེར་སྟོན་ལྟ་བུར་གྱུར་ཡོད། ང་རང་ཁྱེད་དང་ལྷན་དུ་ཡང་བསྐྱར་འཇལ་འཛོམས་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེ་ཡོད། ཕྱོགས་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་འོག ང་ཚོས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་སྲ་བརྟན་དུ་འགྱུར་བ་དང་དོན་སྙིང་གསར་བ་སྩོལ་བའི་ཡིད་ཆེས་ཡོད། འདི་ནི་འཛའ་བརྩེ་ཡི་ཕྱི་ཐག་ཇེ་རིངས་ལ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལས་བསོད་རེད་ལ། ཡ་གླིང་དང་ཡོ་རོབ་གླིང་སྐམ་ས་ཆེན་པོ་དང་། འཛམ་གླིང་ཧྲིལ་བོའི་བདེ་འཇགས་དང་བརྟན་འཇགས་ལ་ཡང་ཡར་སྐུལ་བྱས་པ་རེད། མཐར་ཀྲུའུ་ཞི་ཁྱེད་ཀྱི་སྐུ་ཚེ་རི་རྒྱལ་བཞིན་བརྟན་ཞིང་། བསམ་དོན་རི་མོ་ལྟར་འགྲུབ་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་རྐང་གལ་ཆེན་འདིའི་སྟེང་དུ་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།